འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་གིས་འབྲུབ་འགོག་ཉེན་སེལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་གིས་འབྲུབ་འགོག་ཉེན་སེལ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། དྲག་ཆར་ཆེན་པོ་བབས་པས། ས་ཆ་མང་པོར་འདམ་རྡོའི་ཆུ་རུད་བྱུང་བ་དང་། ཆུ་བོའི་དུམ་བུ་མང་པོར་ཆུ་ཆུ་ཉེན་ཚད་ཐིག་ལས་བརྒལ་བའི་གནས་ཚུལ་བྱུང་བ་རེད།
         ཉིན་དེའི་ཆུ་ཚོད་15ཐོག། ཛམ་ཐང་རྫོང་འཛམ་ཐང་བར་མའི་ཡུལ་ཚོའི་བུད་ཁང་མདའ་གྲོང་ཚོར་འཛི་ཆུའི་ཆུ་རགས་ལོག་པ་དང་ཆུ་ཆུ་རགས་ལས་བརྒལ་བའི་ཉེན་ཁ་བྱུང་བས། གུང་ཐང་ཁུལ་གསར་གྱི་བོད་རིགས་མང་ཚོགས་ཀྱི་དུད་ཁྱིམ་200ལྷག་གི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བྱུང་བ་རེད། ཉེན་ཁ་ཆེ་བའི་གནས་ཚུལ་བྱུང་རྗེས། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་རྔ་བ་ཁུལ་ཉིང་ལག་རུ་ཁག་གིས་འཕྲལ་བསྟུན་དང་ལེན་རྐྱེན་སྲོལ་སྤེལ་འགོ་བཙུགས་ནས་རུ་འབྲིང་4པའི་དཔོན་དམག་30ལྷག་བྲེག་མྱུར་ངང་སྒྲིག་འཛུགས་བྱས་ནས་གནོད་འཚེ་བྱུང་བའི་ས་ཁུལ་དུ་འབྲུབ་འགོག་ཉེན་སེལ་གྱི་ལས་འགན་སྒྲུབ་པར་བསྐྱོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཛམ་ཐང་རྫོང་གི་འཛི་ཆུ་ཆུ་བོའི་ཆུ་རགས་ལོག་པའི་ཡུལ་དངོས་སུ་ཆུ་གནས་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད་པས། གནས་ཚུལ་ཉེན་ཁ་ཧ་ཅང་ཆེ་བ་ཡོད་པས། དཔོན་དམག་ཚོས་བྲེལ་མྱུར་ངང་བྱེ་ཁུག་དབོར་འདྲེན་བྱས་ནས་ཆུ་རགས་ཇེ་མཐོར་བཏང་བ་དང་། ཁ་ཤོ་ཡོད་པ་དག་བཀག་ཐབས་བྱས་ཏེ་ལག་ཟུང་ལ་བརྟེན་ནས་ཆུ་ལོག་ལ་འཐབ་ཅིང་། སི་ཁྲོན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་རྔ་བ་ཁུལ་ཉིང་ལག་རུ་ཁག་གིས་ཁྱོན་བསྡོམས་བྱེ་ཁུག་300ལྷག་བླུགས་པ་དང་། ལྕགས་སྐུད་གཟེབ་མ་60ལྷག་བསྡམས་པ། རྡོ་རྡོག་རྒྱ་དཔངས་གྲུ་བཞི་མ་70ལྷག་དབོར་བ། ཆུ་ལོག་འགོག་པའི་ཆུ་རགས་སྨི་30ལྷག་བཟོས་པ་བཅས་ཀྱིས་ཉེན་ཁ་ཆེ་བའི་གནས་ཚུལ་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལེགས་འགྲུབ་བྱས་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་གིས་འབྲུབ་འགོག་ཉེན་སེལ་བྱེད་པ།
    ༄༅།།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་གིས་འབྲུབ་འགོག་ཉེན་སེལ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།