འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་ཞིང་ཆེན་གྱི་གདང་ལ་ས་ཁུལ་དུ་ཚད་རིམ་4.8ཅན་གྱི་ས་ཡོམ་བྱུང་བ་དང་། 
    མིག་སྔར་ཤི་རྨས་ཀྱི་གནས་ཚུལ་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ས་ཡོམ་ལས་ཁུངས་ནས་ཚད་འཇལ་དང་གཏན་འཁེལ་བྱས་པ་ལྟར་ན། 2017ལོའི་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་03དང་སྐར་མ་38(པེ་ཅིང་གི་ཆུ་ཚོད་)ཐོག  མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་ཁུལ་གདང་ལ་ས་ཁུལ་(འཕྲེད་ཐིག་བྱང་མ་ཏུའུ་33.54དང་ཤར་གྱི་གཞུང་ཐིག་ཏུའུ་91.20ཡི་བར་)དུ་རིམ་ཚད་4.8ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་སྤྱི་ལེ་11ཡིན་པ་རེད།
         དེའི་སྔོན་གྱི་ཟླ་6ཚེས་3དང་ཟླ་6ཚེས་5ལ་ཚད་རིམ་3.6དང་3.2ཟིན་པའི་ས་ཡོམ་བྱུང་བ་དང་། ཟླ་6ཚེས་8ཉིན་ཚད་རིམ་4.6དང་4.4ཟིན་པའི་ས་ཡོམ་བྱུང་བ་རེད།
         ཆ་རྒྱུས་བྱུང་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་མི་མེད་ལུང་སྟོང་ཞིག་ཏུ་ཡོད་ལ། དེ་ནས་ན་གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་465ཙམ་དང་གདང་ལ་རི་གྲོང་དང་སྤྱི་ལེ་135ཙམ། བྲག་སྨུག་གྲོང་རྡལ་དང་སྤྱི་ལེ་80ཙམ། མཚོ་བོད་ལྕགས་ལམ་དང་སྤྱི་ལེ་70ཙམ་དང་G109རྒྱལ་ལམ་དང་སྤྱི་ལེ་70ཙམ། ཆུ་ཚན་ས་ཁུལ་དང་སྤྱི་ལེ་75ཙམ་བཅས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ལ་གདང་ལ་དམག་ཚིགས་དང་གདང་ལ་རི་གྲོང་དུ་ས་འགུལ་གྱི་ཚོར་བ་མེད་པ་དང་། མཚོ་བོད་ལྕགས་ལམ་བརྒྱུད་ཀྱི་བུ་ཆུང་དགུ་ས་ཚིགས་དང་འབུ་དམར་ཧྲི་ས་ཚིགས་སུ་ཚོར་བ་ཅུང་ཟད་ཡོད་པ་རེད། མིག་སྔར་མིར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བྱུང་ཚུལ་མི་གསལ་བ་དང་། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཚོགས་འདུ་གལ་ཆེན་ཚོགས་ནས་ས་ཡོམ་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་གནས་ཚུལ་གཞན་ལ་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།