འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་དང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་སོགས་ཀྱིས་གཉེར་འགན་འཁུར་བའི་2017ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟི་ལིང་དུ་འགོ་ཚུགས་པ་རེད། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག“ལྗང་མདོག་དང་། ཞི་མཐུན། མཉམ་འདྲེས། གསར་གཏོད”བཅས་བརྗོད་དོན་གཙོ་བོར་བྱས་ཐོག་རིག་གནས་བྱེད་སྒོའི་དུས་ཚིགས་དང་། ཡུལ་སྐོར་བྱེད་སྒོའི་དུས་ཚིགས། ལུས་རྩལ་བྱེད་སྒོའི་དུས་ཚིགས་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། གྲོང་ཁྱེར(ཁུལ)དང་རྫོང་གི་བྱེད་སྒོ་སྟེ་ཁག་ཆེན་པོ་གཉིས་སུ་དབྱེ་བའི་ནང་། ཤུགས་རྐྱེན་དང་གཞི་ཁྱོན་ཅུང་ཆེ་བའི་རིགས་ང་ཉིས་ཀྱི་གཙོ་གནད་བྱེད་སྒོ་276བདམས་ཡོད་པ་རེད།
         སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་གསར་གཏོད་དང་ཚད་བརྒལ་བྱུང་ཡོད་དེ། དེ་སྔའི་ཉིན་ཤས་ནང་གཅིག་སྡུད་ཐོག་འགྲེམས་ཚོགས་གཉེར་བ་ནས་ཚོགས་ཡུན་ཟླ་བ་བཞི་ཡས་མས་ཡིན་པའི་རིག་གནས་བྱེད་སྒོའི་དུས་ཚིགས་དང་། ཡུལ་སྐོར་བྱེད་སྒོའི་དུས་ཚིགས། ལུས་རྩལ་བྱེད་སྒོའི་དུས་ཚིགས་བཅས་བར་འགྱུར་ལྡོག་བཏང་ནས། “ཟླ་བ་རེ་རེར་བཀོད་སྒྲིག་ཡོད་པ། ཉི་མ་རེ་རེར་བྱེད་སྒོ་རེ་ཡོད་པ”བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།