འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་སུ་མཐའ་མཚམས་ཀྱི་ཚོང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ཆ་རྒྱུས་བྱུང་བ་ལྟར་ན། ད་ལོའི་བོད་ལྗོངས་མཐའ་མཚམས་ཀྱི་ཚོང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་པ་དང་། སྔོན་གྱི་ཟླ་བཞིའི་རིང་ནང་འདྲེན་དང་ཕྱིར་བཙོང་པའི་ཚོང་རྫས་ཏུན་ཁྲི་3.17ཟིན་ཡོད་ལ་རིན་ཐང་སྒོར་དུང་ཕྱུར་19.69ཡིན་པ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དོ་སྣང་ཆེན་པོ་བྱས་པར་བརྟེན། བོད་རང་སྐྱོངས་ལྗོངས་ཀྱི་མཐའ་མཚམས་ཀྱི་འགག་སྒོ་བརྒྱུད་པའི་ཆ་རྐྱེན་ཇེ་ལེགས་དུ་སོང་བ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་མི་སེར་ལ་དམིགས་པའི་ཚོང་ལས་དང་ཚོང་རེས་བྱེད་པའི་དབུལ་སྐྱོར་ལས་དོན་ཚོད་ལྟའི་འཆར་གཞི་》བཏོན་པ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་ཀྱིས་འགག་སྒོ་གཙོ་བོ་དང་མཐའ་མཚམས་ཀྱི་ཚོང་དོན་ལམ་བུར་གང་ལ་གང་འཚམ་གྱིས་ཚོང་ལས་དང་ཚོང་རེས་བྱེད་པར་སྐུལ་བའི་སྲིད་ཇུས་སྤེལ་བ་དང་། སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཀྱི་ཚོང་ར་ལ་སོགས་པའི་མཐའ་མཚམས་ཀྱི་ཚོང་ར6ལྷག་ཙམ་འཛུགས་སྐྲུན་དང་རྒྱ་བསྐྱེད་པ། གཏིང་སྐྱེས་རྫོང་དུ་མཐའ་མཚམས་ཀྱི་ཚོང་དོན་ས་ཚིགས་4བསྐྲུན་པ་དང་། སྐྱིད་རོང་འགག་སྒོའི་གེགས་རྗེས་བསྐྱར་སྐྲུན་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་ངང་འགྲམ་གྱི་འགག་སྒོའི་ཚོང་དོན་ལམ་བུའི་ནུས་པར་ཞིབ་འཇུག འགྲམ་འགག་སྒོ་སྔ་མོ་ནས་སླར་ཡང་སྒོ་འབྱེད་པ་བཅས་གྱི་དོན་དུ་ཆེད་དངུལ་སྒོར་ཁྲི་5204.66ཡི་རྒྱབ་སྐྱོར་བྱས་པར་གཅིག་གྱུར་གྱིས་འཆར་འགོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།