འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་མིག་མངས་མཁས་ཅན་གངས་ལྗོངས་ས་མཐོར་ཡོང་ནས་མིག་མངས་ཁྱབ་
    གདལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ནང་གི་མིག་མངས་མཁས་ཅན་གངས་ལྗོངས་ས་མཐོར་ཡོང་ནས་མིག་མངས་ཁྱབ་
གདལ་གཏོང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྣམ་པ་གསར་རྐྱང་གི་མིག་མངས་འགྲན་བསྡུར་ཞིག་གངས་ལྗོངས་ས་མཐོའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བྱས་ཤིང་། ཁ་གཏད་ཕྱོགས་གཉིས་ནི་རྒྱལ་ནང་གི་མིག་མངས་མཁས་ཅན་ཧོ་ཅེ་དང་ཐོ་ཅ་ཤིས་ཡིན་པ་རེད།
         2017ལོའི་ཕུགས་འདུན་ཡག་ཤོས་ཅེས་པའི་ལྷ་སའི་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་མིག་མངས་རླངས་འཁོར་མཐུད་རྒྱུག་འགྲན་བསྡུར་སྐབས་དང་པོ་དེ་ཉེ་ཆར་ཁྲེང་ཏུར་རླངས་འཁོར་གཏོང་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། ཧོ་ཅེ་དང་། སྨི་ཡུས་ཐིང་། ཀྲོའུ་རུང་ཡང་། ཁྲེན་ཡའོ་ཡེ། ཐོ་ཅ་ཤིས། ཀུའུ་ལི་བཅས་རྒྱལ་ནང་གི་མིག་མངས་མཁས་ཅན་དྲུག་དབར་འགྲན་བསྡུར་ཐེངས་མང་པོ་བྱས་པ་དང་ཆབས་ཅིག་ཁོང་ཚོས་ད་དུང་རླངས་འཁོར་གཏོང་མཁན་ཚོའི་ལམ་སྣེ་འཁྲིད་རྒྱུའི་འགན་འཁུར་ཏེ་ཁྲོན་བོད་ལམ་རྒྱུད་དུ་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཉམས་སུ་མྱོང་བ་དང་། སྤྱི་དམངས་ཚོར་མིག་མངས་ཁྱབ་གདལ་ཡང་བཏང་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཆུང་ངུ་བརྒྱུད་སྐབས། རྒྱལ་ནང་གི་མིག་མངས་མཁས་ཅན་དྲུག་གིས་ས་གནས་དེ་གའི་སློབ་ཆུང་སློབ་མ་ཚོར་མིག་མངས་ཤེས་བྱ་ཁྱབ་གདལ་བཏང་བ་དང་། “ཕྲུ་གུ་ཚོ་གཅེས་པར་འོས་པ་ཞིག་འདུག དང་ལེན་བྱེད་ནུས་ཧ་ཅང་ཡག་པོ་འདུག་པས། ང་ཚོས་སྒྲིག་སྲོལ་ཁག་ལ་འགྲེལ་བཤད་སྟབས་བདེ་ཞིག་བརྒྱབ་ན་ཁོང་ཚོས་སྤྱིར་བཏང་ཐོག་ནས་ཤེས་ཀྱི་འདུག ད་རེས་ཀྱི་བྱེད་སྒོ་དེས་མིག་མངས་ཁྱབ་གདལ་དུ་གཏོང་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་རྒྱུ་དང་། བྱེད་སྒོ་དེ་ལྟ་བུ་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་མང་དུ་འགྲོ་ངེས་རེད་བསམ་གྱི་འདུག མི་སྔར་བས་མང་བར་མིག་མངས་ངོ་སྤྲོད་བྱ་རྒྱུ་དང་མི་སྔར་བས་མང་བས་མིག་མངས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཧོ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།