འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བྷང་ག་ལ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་རི་ཉིལ་དོན་རྐྱེན་བྱུང་ནས་མི་132གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བྷང་ག་ལ་རྒྱལ་ཁབ་《རང་བཙན་ཚགས་པར་》དུ་ཟླ་6ཚེས་14ཉིན་གྱི་གནས་འཕྲིན་ལྟར་ན། ད་ལྟ་བར་དུ། བྷང་ག་ལ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་རི་ཉིལ་དོན་རྐྱེན་བྱུང་སྟེ་མི་སྣ་གྲོངས་གྲངས་132བར་འཕར་བ་དང་། མི་100ལྷག་ཙམ་ལ་རྨས་སྐྱོན་བྱུང་བ་རེད།
          ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་13ཉིན། བྷང་ག་ལ་རྒྱལ་ཁབ་ཀྱི་ལྷོ་རྒྱུད་རི་ཁུལ་དུ་ཆར་པ་ཆེན་པོ་བབས་ནས་རི་ཉིལ་དོན་རྐྱེན་བྱུང་བ་རེད། བྷང་ག་ལ་རྒྱལ་ཁབ་གནོད་འཚེ་དོ་དམ་དང་མྱུར་སྐྱོབ་པུའུ་ཡིས་ད་ལྟ་སྔར་བཞིན་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ཚོད་དཔག་བྱས་ན་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་འཕར་རྒྱུ་རེད་ཅེས་བསྟན་པ་རེད།
          བྷང་ག་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་གཉིས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་རེད། གནོད་འཚེ་དོ་དམ་དང་མྱུར་སྐྱོབ་པུའུ་ཡིས་མྱུར་སྐྱོབ་ལས་དོན་བསྟུད་མར་སྤེལ་བཞིན་ཡོད་ཅེས་བསྟན། ཤེས་རྟོགས་བྱུང་གསལ་དུ། རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་ལན་ཁ་མ་ཏི་དང་པན་ཐོར་པན་ཞེས་པ་འདི་གཉིས་སུ་ཡོད་ཅིང་། ཚེས་12ཉིན་ནས་བཟུང་། ས་ཆ་འདི་གཉིས་ལ་དྲག་ཆར་བབས་པ་རེད། གནས་འཕྲིན་དུ་འདི་ནི་2007ལོ་ནས་བཟུང་རི་ཉིལ་གྱི་དོན་རྐྱེན་ཛ་དྲག་ཅན་ཆེ་ཤོས་ཤིག་རེད་ཅེས་བཀོད་འདུག
          བྷང་ག་ལ་མཚོ་ཁུག་གི་རླུང་གནོན་དམའ་མོའི་ཤུགས་རྐྱེན་ཐེབས་སྟབས། ཚེས་12ཉིན་ནས་བཟུང་། བྷང་ག་ལ་རྒྱལ་ཡོངས་སུ་བསྟུད་མར་ཆར་བ་བབས་པ་དང་། ལྷོ་རྒྱུད་རྒྱ་མཚོའི་འགྲམ་ངོགས་ས་ཆར་དེ་ལས་ཚབས་ཆེ་བ་རེད། རི་ཁུལ་གྱི་ས་ཆ་ཁ་ཤས་སུ་བསྟུད་མར་རི་ཉིལ་གནོད་འཚེ་བྱུང་ནས་ཉེ་འཁོར་གྱི་སྡོད་ཁང་བསྣུབས་པ་རེད། དྲག་ཆར་བབས་པ་དང་བསྟུན་ནས་བྷང་ག་ལ་རྒྱལ་ཁོངས་ཀྱི་གཙང་པོ་ཚང་མའི་ཆུ་རྒྱུན་ཇེ་ཆེར་རྒྱས་ཏེ་བཞུར་ཚད་ཉེན་ལྡན་ཚད་ནས་བརྒལ་བ་རེད། ཏ་ཁ་དང་། ཅི་ཏ་གྲུ་ཁ་སོགས་ཀྱི་གྲོང་ཁྱེར་དུ་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་བྱུང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།