འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་
    པར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་
པར་རྟེན་འབྲེལ་ཞུས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཕ་ན་མའི་ཙུང་ཐུང་པ་ལུའེ་ལཱ་ཡིས་བརྙན་འཕྲིན་ཐོག་ནས་རྒྱལ་ཡོངས་ལ་གཏམ་བཤད་སྤེལ་ཏེ་ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཚེས་13ཉིན་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་པེ་ཅིང་དུ་ཕ་ན་མའི་ཙུང་ཐུང་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཏེ་ཧྲེང་མཱ་ལོ་དང་མཇལ་འཛོམས་གནང་བ་མ་ཟད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས་》ལ་མིང་རྟགས་ཀྱང་བཀོད་པ་རེད།
         གོང་གི་པར་དེ་ནི་ནི་ཟླ་6ཚེས་12ཉིན། ཕ་ན་མའི་རྒྱལ་ས་ཕ་ན་མ་གྲོང་ཁྱེར་གྱི་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་དུ་མི་རྣམས་ཀྱིས་ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།