འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་དུས་ཚིགས་ཡག་ཤོས་སུ་སླེབས་པས་མེ་འཁོར་གྱི་སྤ་སེ་
    དང་ཞག་སྡོད་འགྲུལ་ཁང་དཀོན་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། ཟླ་6པ་ཤར་ཚུན། མཚོ་བོད་ས་མཐོར་ཡུལ་སྐོར་བྱེད་པའི་དུས་ཚིགས་ཡག་ཤོས་སུ་སླེབས་པ་དང་མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་མང་ཤོས་ཀྱི་དུས་ཚིགས་བསུ་འགོ་ཚུགས་པས་མེ་འཁོར་གྱི་སྤ་སེ་དང་ཞག་སྡོད་འགྲུལ་ཁང་དཀོན་པོ་ཡོད་པ་རེད།
         གསར་འགོད་པར་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་ཉིན་20ཡི་ནང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཀྲེང་ཀྲོའུ་སོགས་ནས་ཟི་ལིང་དུ་སྐྱོད་པའི་མེ་འཁོར་དང་ཟི་ལིང་ནས་ཝུའུ་ལུའུ་མུའུ་ཆི་བར་གྱི་ཤུགས་འགྲེམས་མེ་འཁོར་གྱི་སྤ་སེ་ཉུང་ཤས་ལས་ལྷག་མེད་པ་དང་ཟི་ལིང་ནས་བོད་དུ་སྐྱོད་མཁན་མེ་འཁོར་གྱི་རྐུབ་བཀྱག་དཀྱུས་མའི་སྤ་སེ་ཉུང་ཤས་ལས་ལྷག་མེད། དེ་དང་ཆབས་ཅིག་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་ནས་ཟི་ལིང་བར་གྱི་གནམ་གྲུའི་སྤ་སེའི་རིན་གོང་འཕར་འགོ་ཚུགས་ཡོད།
         མིག་སྔར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་བའི་སྤ་སེ་འཚོང་འགོ་ཚུགས་པ་དང་མཚོ་སྐོར་ཁུལ་གྱི་མགྲོན་ཁང་ཁག་གཅིག་གི་ཉལ་ཁྲི་དཀོན་དུ་སོང་ཡོད། ཉེ་དུས་མཚོ་སྔོན་གྱི་ཡུལ་སྐོར་ལས་དོན་ཁང་སྣ་ཚོགས་ཀྱི་ཚོགས་པའི་མི་གྲངས་དང་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་མགྲོན་ཁང་ནང་སྡོད་ཚད་ཇེ་མང་དུ་སོང་བའི་ཁར་རྟ་ནག་མ་དང་། འདབ་ཆགས་གླིང་། སྐུ་འབུམ་བྱམས་པ་གླིང་། ཚྭ་མཚེའུ་སོགས་མཛེས་ལྗོངས་ཁུལ་དུ་མི་གསུམ་བཞི་ལས་གྲུབ་པའི་ཡུལ་སྐོར་བ་མང་པོ་རིག་རྒྱུ་ཡོད། རང་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ལ་ལས་ཆེད་མངགས་རྐང་འཁོར་འཁྲིད་དེ་ཞག་སྡོད་བྱ་ཡུལ་དུ་སླེབས་རྗེས་མཛེས་ལྗོངས་ཁུལ་དུ་རྐང་འཁོར་བཞོན་ནས་སྐྱོད་ཀྱི་ཡོད། དེའི་ནང་རྟ་ནག་མའི་ཉེ་འཁོར་གྱི་སྒྲིག་བཀོད་ཅུང་ཡག་པའི་མགྲོན་ཁང་དུ་མིག་སྔར་ཟླ་དྲུག་པ་དང་བདུན་པར་ཉལ་ཁྲི་སྔོན་མངགས་བྱེད་ཚད་80%ཟིན་གྱི་ཡོད།
         ཉེ་བའི་ལོ་གཉིས་རིང་མཚོ་སྔོན་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཡག་ཏུ་ཤུགས་ཆེན་བཏང་བ་དང་མགྲོན་ཁང་གསར་པ་མང་པོ་བརྒྱབ་པས། ཡུལ་སྐོར་བའི་གདམ་ག་མང་དུ་ཕྱིན་པ་དང་མགྲོན་ཁང་ཁག་གཅིག་ཏུ་སྡོད་མཁན་མང་ནའང་རིན་གོང་འཕར་བའི་སྣང་ཚུལ་ཐོན་མེད།
         མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་དོན། འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་མཚོ་སྔོན་གྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་443.38ལ་སྣེ་ལེན་ཞུས་པས་རིམ་རྩིས་བྱས་ན་30.8%འཕར་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།