འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བྱིས་པའི་སྒྱུ་རྩལ་འཇིག་རྟེན་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བྱིས་པའི་སྒྱུ་རྩལ་འཇིག་རྟེན་དུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་1ཉིན། “བྱིས་པ་དང་ཞི་དུལ་གྱི་མཛེས་སྡུག"ཅེས་པའི་དམིགས་བསལ་གྱི་རི་མོ་འགྲེམས་སྟོན་བོད་ལྗོངས་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་དང་མགྲོན་ཁང་དང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དང་མགྲོན་ཁང་སོགས་གནས་བཞི་རུ་དུས་གཅིག་ཏུ་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་དུ་རི་མོའི་བརྩམས་ཆོས་60ལྷག་བཀྲམ་པ་ཚང་མ་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་མའི་བརྩམས་ཆོས་ཡིན་པ་རེད།
         འཛམ་གླིང་ཐོག་གི་གྲོག་རོང་ཆེ་ཤོས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དང་བྲག་གསུམ་མཚོ་རུ་བྱིས་པ་ཚོའི་བརྩམས་ཆོས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་མཛེས་ལྗོངས་ཉམས་སུ་མྱོང་བཅུག་པ་དང་། ཆབས་ཅིག བོད་ལྗོངས་ཀྱི་རི་མོ་བ་ཆུང་ཆུང་ཚོའི་ཕུལ་བྱུང་གི་བརྩམས་ཆོས་ཉམས་སུ་མྱོང་དུ་བཅུག་པ་དང་། བྱིས་པ་ཚོའི་རི་མོའི་བརྩམས་ཆོས་ལ་བརྟེན་ནས་བོད་ལྗོངས་ཀྱི་རིག་གནས་དང་འཚོ་བ་རྒྱུས་ལོན་དུ་འཇུག་པའི་ཆེད་དུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “བྱིས་པ་དང་ཞི་དུལ་གྱི་མཛེས་སྡུག”ཅེས་པའི་རོ་མོ་འགྲེམས་སྟོན་ནི་ཟླ་6ཚེས་1ཉིན་ནས་ཟླ་6ཚེས་25ཉིན་བར་བྱ་རྒྱུ་ཡིན་པ་དང་། གཞན་ཡང་བོད་ལྗོངས་གསར་འདོན་བྱེད་སེམས་ཞེས་པ་ཡིས་ད་དུང་པེ་ཅིང་དུ་བྱིས་པ་ཚོར་རི་མོའི་འགྲེམས་སྟོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】
    ༄༅།།བྱིས་པའི་སྒྱུ་རྩལ་འཇིག་རྟེན་དུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།