འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་དངུལ་ཁང་གི་ལུ་ཨན་ཏ་ཡན་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་ཀྲུང་གོའི་དངུལ་ཁང་ལུ་ཨན་ཏ་ཡན་ལག་དངུལ་ཁང་ཨན་ཀོ་ལའི་རྒྱལ་ས་ལུ་ཨན་ཏར་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གོའི་དངུལ་ཁང་དེས་ཨན་ཀོ་ལར་བཙུགས་པའི་ཨེ་ཤེ་ཡའི་ཚོང་གཉེར་ངོ་བོའི་སྒྲིག་གཞིའི་ཚོང་ལས་དངུལ་ཁང་དང་པོའང་ཡིན་པ་རེད།
         ཀྲུང་གོའི་དངུལ་ཁང་ལུ་ཨན་ཏའི་ཡན་ལག་དངུལ་ཁང་གི་འགན་འཁུར་བ་ལིའུ་ཅན་ཀྲུང་གིས་ངོ་སྤྲོད་བྱས་དོན། 2012ལོར་ཀྲུང་གོའི་དངུལ་ཁང་གིས་ཨན་ཀོ་ལའི་ལུ་ཨན་ཏར་སྐུ་ཚབ་ཁྲུའུ་བཙུགས་ཤིང་། གྲ་སྒྲིག་ལོ་ལྔ་བྱས་པ་བརྒྱུད་གསར་དུ་ལས་གཉེར་འགོ་ཚུགས་པའི་ལུ་ཨན་ཏ་ཡན་ལག་དངུལ་ཁང་གིས་ཀུང་སིའི་ལས་སྒོ་གཉེར་རྒྱུ་གཙོ་བོར་བྱས་པའི་ཐོག་དངུལ་བཅོལ་བ་དང་། དངུལ་བུན་གཏོང་བ། དངུལ་བསྐུར་བ། རྒྱལ་སྤྱིའི་བསྡོམས་རྩིས་རྒྱག་པ། ཉོ་ཚོང་མ་རྩ་བསྡུ་སྒྲིལ་བྱེད་པ། དངུལ་རྩའི་ཁྲོམ་ར་གཏོད་པ་སོགས་ཀྱི་ལས་སྒོ་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་བཏང་སྟེ་ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་སྒྲོལ་བའི་ཁག་ཐེག་དང་མ་རྩ་བསྡུ་སྒྲིལ་གྱི་ལས་སྒོ་ཧུར་ཐག་བསྒྲུབ་རྒྱུ་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།