འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལུགས་གསོ་རིག་གི་རབ་འབྱམས་པ་ཁག་གསར་པ་ཞིག་བསུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལུགས་གསོ་རིག་གི་རབ་འབྱམས་པ་ཁག་གསར་པ་ཞིག་བསུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སློབ་ཐོན་མཛད་སྒོ་འཚོགས་ཤིང་། རབ་འབྱམས་པ་ཞིབ་འཇུག་སློབ་མ་24ལ་སློབ་ཐོན་ལག་ཁྱེར་ཐོབ་པ་ཡོད་པ་རེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་རང་རྒྱལ་གྱི་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་བའི་གཞུང་གཉེར་བོད་ལུགས་གསོ་རིག་མཐོ་རིམ་སློབ་གྲྭ་འབའ་ཞིག་ཡིན་པ་དང་། 1999ལོར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་མི་རིགས་གསོ་རིག(བོད་ལུགས་གསོ་རིག་)གི་རབ་འབྱམས་པའི་ཡོན་གནས་གནང་སར་ཆོག་མཆན་བཀོད་པ་དང་། ད་ལྟའི་བར་དུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་རབ་འབྱམས་པ་212གསོ་སྐྱོང་བྱས་པ་རེད། གོང་གི་པར་རིས་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་རབ་འབྱམས་པ་སློབ་ཐོན་སློབ་མ་དང་དངོས་གཞི་སློབ་ཐོན་སློབ་མ་རྣམས་ཀྱིས་དྲན་རྟེན་གྱི་མཉམ་པར་ལེན་པ། 
    ༄༅།།བོད་ལུགས་གསོ་རིག་གི་རབ་འབྱམས་པ་ཁག་གསར་པ་ཞིག་བསུ་བ།
    ༄༅།།བོད་ལུགས་གསོ་རིག་གི་རབ་འབྱམས་པ་ཁག་གསར་པ་ཞིག་བསུ་བ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།