འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དཔོན་དམག་གིས་ཕན་བདེ་
    ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དཔོན་དམག་གིས་ཕན་བདེ་
ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བ།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་5ཚེས་30ཉིན་ཏེ"དྲུག་གཅིག"བྱིས་པའི་དུས་ཆེན་འཆར་གྲབས་ཡོད་པའི་ཉིན་ལ། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཕན་བདེ་ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བར་ཕེབས་ནས། འདིར་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལག་རྟགས་གནང་བ་མ་ཟད། བྱིས་པ་ཚོ་དང་འཆམ་འཆམ་དུ་འགྲོ་ནས་ཁ་བརྡ་གློད་ཅིང་། རྩེད་འཇོ་བྱེད་པ། འཁྲབ་སྟོན་ལྟ་བ་བཅས་ཀྱིས"དྲུག་གཅིག"བྱིས་པའི་དུས་ཆེན་དགའ་སྤྲོའི་ངང་བསུ་བ་རེད།
         བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་དང་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་གནའ་སྔོན་ནས་མཉམ་སྐྲུན་ལས་ཁུངས་ཡིན་ཞིང་། ལོ་རེའི་དཔྱིད་གསར་དུས་ཆེན་དང་། "དྲུག་གཅིག"བྱིས་པའི་དུས་ཆེན་སོགས་དུས་ཆེན་དང་གུང་གསེང་ཆེ་བའི་དུས་སུ། མཐའ་སྲུང་དཔོན་དམག་ཕན་བདེ་ཁང་དུ་ཡོང་ནས་བྱིས་པ་ཚོར་འཚམས་གཟིགས་གནང་བ་དང་། བྱིས་པ་ཚོར་དྲོད་སྐྱིད་དང་བདེ་བ་གནང་བ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཕན་བདེ་ཁང་འདིར་མིག་སྔར་དྭ་ཕྲུག་360ཉར་གསོ་བྱེད་ཡོད་པ་དང། དྭ་ཕྲུག་ཆུང་ཤོས་ནི་སྐྱེས་ནས་ཟླ་བ་2ལས་ཟིན་མེད་པ་རེད།
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དཔོན་དམག་གིས་ཕན་བདེ་
ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བ།
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དཔོན་དམག་གིས་ཕན་བདེ་
ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བ།
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་གིས་མཐའ་སྲུང་དཔོན་དམག་གིས་ཕན་བདེ་
ཁང་གི་བྱིས་པ་ཚོར་འཚམས་གཟིགས་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།