འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅༎ཁུ་པས་ཕྱི་ཁོངས་ཀྲུང་གོ་བ་ཁུ་པར་འབྱོར་ནས་ལོ་170འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་ཁུ་པའི་རྒྱལ་ས་ཧ་ཝ་ནའི་མཚོ་འགྲམ་གྱི་གྲོང་རྡལ་ཆུང་ངུ་ལུའེ་ཀེ་ལཱ་རུ་མཛད་སྒོ་འཚོགས་ཏེ་ཕྱི་ཁོངས་ཀྲུང་གོ་བ་ཁག་དང་པོ་ཁུ་པར་འབྱོར་ནས་ལོ་170འཁོར་བར་དྲན་གསོ་ཞུས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོའི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཕེ་ཧྭ་ཡིས་ཚོགས་པའི་སྣེ་ཁྲིད་དེ་བྱེད་སྒོར་ཞུགས་པ་རེད།
         1847ལོའི་ཟླ་6ཚེས་3ཉིན་ཀྲུང་གོའི་ངལ་རྩོལ་བཟོ་པ་206སི་ཕེན་གྱི་ཟོག་འདྲེན་གྲུ་གཟིངས་བསྡད་དེ་ལུའེ་ཀེ་ལཱ་མཚོ་ཁུག་གི་ཧ་ཝ་ན་གྲུ་ཁར་འབྱོར་ཞིང་། དུས་དེ་ནས་བཟུང་ཕྱི་ཁོངས་ཀྲུང་གོ་བ་བུར་ཤིང་ར་བ་དང་། བཟོ་གྲྭ། གྲོང་གསེབ། རང་བཙན་དམག་འཁྲུག་གི་གཡུལ་ས། ཁུ་པའི་གསར་བརྗེའི་འཐབ་ས་དང་པོ་སོགས་གང་ས་གང་དུ་ཁྱབ་པ་དང་འབྲེལ་ཁུ་པའི་མི་དམངས་དང་མཛའ་གྲོགས་ཞི་མཐུན་གྱི་འབྲེལ་བ་ཞིག་ཀྱང་བཙུགས་ཡོད། དར་རྒྱས་ཆེ་ཤོས་དུས་སུ་ཁུ་པར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་མི་འབོར་ཁྲི་བཅུ་གྲངས་ཁ་ཤས་ཟིན་པ་དང་ཧ་ཝ་ནའི་ཕྱི་ཁོངས་ཀྲུང་གོ་བའི་སྡོད་ཁུལ་ནི་དེ་སྔོན་གླིང་ཆེན་ཨ་མེ་རི་ཀའི་ས་ཁུལ་གྱི་ཀྲུང་གོའི་གྲོང་ཁྱེར་ཆེ་ཤོས་ཀྱི་གྲས་ཤིག་རེད།
         ཕྱི་ཁོངས་ཀྲུང་གོ་བ་དང་ཁུ་པའི་མི་རིགས་ཁག་གི་རིག་གནས་མཉམ་འདྲེས་བྱུང་ནས་ལོ་170འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ་5ཚེས་30ཉིན་ནས་བཟུང་གི་གཟའ་འཁོར་གཅིག་གི་དུས་ཚོད་ནང་ཧ་ཝ་ནས་དྲག་རྩལ་འཁྲབ་སྟོན་དང་། རི་མོ་འགྲེམས་སྟོན། ཞིབ་བསྡུར་ཚོགས་འདུ་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། གཞན་ཡང་ཀྲུང་གོའི་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སོགས་སྒྲིག་གཞིས་ད་དུང་པེ་ཅིང་དུ་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བར་བརྟེན་ནས་ཀྲུང་གོ་དང་ཁུ་པའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་བཏང་བ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།