འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ཚན་རྩལ་གསར་གཏོད་ལ་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། བོད་ཀྱི“འཇོན་ཐང་ཅན་གྱི་བུམ་པ”ཞེས་པའི་སློབ་གྲྭ་ཆེ་མོ་བའི་སློབ་གསེང་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་སྐབས་ལྔ་པ་ཉིན་ཤས་གོང་བོད་ལྗོངས་སློབ་ཆེན་དུ་གཉེར་བ་རེད། འགྲན་བསྡུར་དེའང་རྒྱལ་ཡོངས་ཀྱི“འགྲན་སློང་བུམ་པའི”འགྲན་བསྡུར་སྐབས་བཅོ་ལྔ་པའི་བོད་ཀྱི་གདམ་གསེས་འགྲན་བསྡུར་ཡང་ཡིན་པས་དེའི་ནང་གི་གསར་གཏོད་བརྩམས་ཆོས་ཁ་ཤས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
         བོད་རྒྱ་སྐད་ཡིག་གཉིས་ཀྱི་གློག་རྡུལ་ལྷས་ར་ནི་ད་ཐེངས་འགྲན་བསྡུར་གྱི་བཀྲག་མདངས་འཚེར་སའི་གྲས་ཤིག་ཡིན། “ང་ཚོས་ཇུས་འགོད་བྱས་པའི་ཅ་དངོས་དེས་སྔོན་དཔག་དང། རྗེས་འདེད། ལྟ་སྐུལ་ཚོད་འཛིན་བཅས་གོ་རིམ་གསུམ་བརྒྱུད་དེ་ལུག་བདེ་འཇགས་ཡོང་བའི་འགན་ལེན་བྱས་ནས་མཐར་འབྲོག་པར་གྱོང་གུན་མི་ཕོག་པ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་སློབ་མ་མཱ་ཡན་ཏུང་གིས་ངོ་སྤྲོད་བྱས། ཁོང་གིས་ཆེད་མངགས་བོད་ཆས་གྱོན་ནས་ལན་བཏབ་པ་དང་འབྲེལ། བཟོ་བཀོད་ལེགས་པའི་དཔེ་དབྱིབས་ཀྱང་འཁྱེར་ཡོད།
         “ལྷས་རའི་ཉེ་འཁོར་དུ་སྤྱང་ཀི་ཡོད་ཚེ། ང་ཚོས་ཇུས་འགོད་བྱས་པའི་ཅ་དངོས་དེས་དམར་ཕྱིའི་ཚ་རླབས་ཀྱིས་སྤྱང་ཀིའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ལ། རིམ་འདས་སྒྲ་རླབས་ཀྱི་ཕྱིར་འབུད་ཡོ་བྱད་དང་གློག་འོད་ཆེམ་ཆེམ་བརྒྱུད་སྤྱང་ཀི་ཕྱིར་འབུད་བྱེད་ཀྱི་ཡོད། གལ་སྲིད་དེས་ནུས་པ་མ་ཐོན་ཚེ་ལྡིར་སོ་སྤྲོས་ཆས་ཀྱིས་ལྷས་རའི་བརྙན་པར་དུས་ཐོག་ཏུ་འབྲོག་པའི་ཁ་པར་ཐོག་བསྐུར་གྱི་ཡོད”ཅེས་ཁོང་གིས་བཤད་བྱུང་།
         2001ལོ་ནས་བཟུང་། བོད་ཀྱིས“འཇོན་ཐང་ཅན་གྱི་བུམ་པ”ཞེས་པའི་སློབ་གྲྭ་ཆེ་མོ་བའི་སློབ་གསེང་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་སྐབས་ལྔ་གཉེར་བ་དང་ལྗོངས་ཡོངས་ཀྱི་མཐོ་སློབ་7གྱི་བརྩམས་ཆོས་1000ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་དང་བརྩམས་ཆོས་180ལྷག་ཙམ་ལ་བྱ་དགའ་ཐོབ་ཡོད། རྒྱལ་ཡོངས་ཀྱི“འགྲན་སློང་བུམ་པའི”འགྲན་བསྡུར་ནང་བརྩམས་ཆོས་50ལྷག་ཙམ་བསྐྱལ་བའི་ནང་ནས་བརྩམས་ཆོས་20ལྷག་ཙམ་ལ་བྱ་དགའ་ཐོབ་ཡོད། དེའི་ནང་བརྩམས་ཆོས་ཁ་ཤས་འབྲེལ་ཡོད་ཁེ་ལས་དང་སྒྲིག་གཞིའི་དབར་མ་འཇོག་མཉམ་ལས་ཀྱི་གྲོས་མཐུན་བྱུང་ནས་ལས་གཏོད་རྣམ་གྲངས་སུ་གྱུར་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།