འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གཉེར་བ།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་5ཚེས་30ཉིན་ནས་ཟླ་6ཚེས་1ཉིན་བར་གྱི་དུས་ཡུན་ཉིན་གསུམ་གྱི་རིང་ལ། 2017ལོའི་སེམས་ཀྱི་ཉི་ཟླའི་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་བ་རེད། སེམས་ཀྱི་ཉི་ཟླའི་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་ནི་ས་གནས་དེ་གའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་ལ། ལོ་ལྟར་གྱི་ཟླ་ལྔ་པའི་ནང་རྟ་རྩལ་འགྲན་བསྡུར་དང་། རྟ་རྒྱུག་འགྲན་བསྡུར། མདའ་འཕེན་པ་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། ད་ལོའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་དུས་ཆེན་དུ་སྲོལ་རྒྱུན་གྱི་རྟ་རྩལ་དང་རྟ་རྒྱུག་འགྲན་བསྡུར་ཕུད། ད་དུང་ཡུན་ནན་ཞིང་ཆེན་གྱི་2017ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”དང་། “འབའ་ལྷ་དཀར་རྫོང་གི་བུམ་པ”རྒྱལ་སྤྱིའི་བྱེས་བགྲོད་སྦག་སྦག་འགྲན་བསྡུར་ཆེ་མོ། ཚོང་འདུས། ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་། ཚོང་འགུགས་མ་འདྲེན་སོགས་ཀྱི་རིག་གནས་དང་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་སྣ་ཚོགས་ཀྱང་ཡོད་པ་རེད།
    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གཉེར་བ།
    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གཉེར་བ།
    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ཟླ་ལྔ་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།