འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་འགྲན་ར་ནས་བོད་ཀྱི་ལུས་རྩལ་པའི་གཏམ་བཟང་གྲགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ནང་གི་འགྲན་ར་ནས་བོད་ཀྱི་ལུས་རྩལ་པའི་གཏམ་བཟང་གྲགས།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་5ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱི་ལུས་རྩལ་པ་ཟླ་བ་སྐྱིད་ལགས་ཀྱིས་སྐར་མ་9∶59∶74ཡི་གྲུབ་འབྲས་ཐོག་ནས་2017ལོའི་རྒྱལ་ཡོངས་ཀྱི་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ནང་བུད་མེད་ཀྱི་སྨི་3000རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ནི་ཟླ་6ཚེས་3ཉིན་ནས་ཚེས་5ཉིན་བར་ནང་སོག་གི་ཨར་ཏུའོ་སི་གྲོང་ཁྱེར་དུ་གཉེར་བ་རེད། རང་ལྗོངས་ཀྱི་བསོད་ནམས་ཚེ་རིང་དང་། བཀྲ་ཤིས་རྡོ་རྗེ། ཟླ་བ་སྐྱིད་ལགས། བསྟན་སྐྱིད་བཅས་ལུས་རྩལ་པ་བཞི་པོར་སྐྱེས་པའི་སྨི་5000དང་། སྨི་10000 སྨི་3000གི་བཀག་ཤིང་བང་འགྲན། བུད་མེད་ཀྱི་སྨི་1500 སྨི་3000 སྨི་5000བཅས་རྣམ་གྲངས་དྲུག་ནང་ཞུགས་པ་རེད། དེའི་ནང་ཟླ་བ་སྐྱིད་ལགས་ཀྱིས་སྐར་མ་9∶59∶74དང་། སྐར་མ་17∶29∶15 སྐར་མ་4∶50∶82བཅས་ཀྱི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྨི་3000གི་ཨང་དང་པོ་དང་། སྨི་5000གི་ཨང་གཉིས་པ། སྨི་1500ཡི་ཨང་བདུན་པ་བཅས་སོ་སོར་བླངས་པ་རེད། གཞན་ཡང་། བསོད་ནམས་ཚེ་རིང་ལའང་གྲུབ་འབྲས་ལེགས་པོ་ཐོབ་པ་སྟེ། ཟླ་6ཚེས་3ཉིན་གྱི་སྔ་དྲོ་གཉེར་བའི་སྐྱེས་པའི་སྨི་10000གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་སྐར་མ་31∶42∶67གྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་པ་རེད།
         འདི་ནི་ཟླ་6ཚེས་5ཉིན་བོད་ཀྱི་འཐུས་མི་རུ་ཁག་གི་བདམས་ཐོན་པ་ཟླ་བ་སྐྱིད་ལགས(གཡས)ཀྱིས་བུད་མེད་ཀྱི་སྨི་3000གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པའི་གནས་ཚུལ་ཡིན་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།