འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོས་རོགས་སྐྲུན་བྱས་པའི་ཙན་པི་ཡའི་ཁྲོན་པའི་རྣམ་གྲངས་དུས་འབྲིང་གི་རྩིས་སྤྲོད་རྩིས་
    ལེན་མཛད་སྒོ་ཙན་པི་ཡར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ།  ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ཙན་པི་ཡའི་ཁྲོན་པའི་རྣམ་གྲངས་དུས་འབྲིང་གི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་ཚེས་28ཉིན་ཙན་པི་ཡའི་ཀྲུང་དབྱང་ཞིང་ཆེན་དུ་གཉེར་བ་རེད།
         ཙན་པི་ཡའི་ཆུ་ཐག་གཅོད་དང་ཁོར་ཡུག་སྲུང་སྐྱོང་པུའུ་ཀྲང་མུའུ་ལུན་ཅ·ཁ་ཙི་ཡ་དང་ཀྲུང་དབྱང་ཞིང་ཆེན་གྱི་ཧྲེང་ཀྲང་ཤིས་ཉི·མུའུ་ཧྲང་ཅ་སོགས་ཙན་པི་ཡ་ཕྱོགས་ཀྱི་དཔོན་རིགས་དང་དེ་བཞིན་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་ཡེའུ་མིང་དང་། ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་སོགས་མི་གྲངས་བརྒྱ་ལྷག་ཙམ་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
         ཁ་ཙི་ཡས་ཀྲུང་གོ་སྲིད་གཞུང་གི་རོགས་སྐྱོར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྲུན་བྱས་པའི་ཁྲོན་པའི་རྣམ་གྲངས་དེས་ས་གནས་དེ་གའི་མང་ཚོགས་ལ་དྭངས་གཙང་བདེ་འཇགས་ཀྱི་འཐུང་ཆུ་སྤྱོད་རྒྱུ་བྱུང་བ་དང་ས་གནས་དེ་གའི་བཟོ་པར་ཡང་ལག་རྩལ་གསོ་སྦྱོང་ཐོབ་པ་མ་ཟད། ད་དུང་ས་གནས་དེ་གར་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་ནས་མང་ཚོགས་ཁྲི་28ལ་ཕན་པ་ཐོབ་ཡོད་ཅེས་བཤད་པ་རེད།
         2014ལོར་ཀྲུང་གོ་སྲིད་གཞུང་དང་ཙན་པི་ཡ་སྲིད་གཞུང་དབར་ཁྲོན་པ་920རོགས་སྐྲུན་བྱེད་པའི་རྣམ་གྲངས་ཀྱི་གྲོས་མཐུན་བཞག་པ་རེད། རྣམ་གྲངས་དེ་ཀྲུང་གོ་ཅང་ཤིས་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀུང་སིས་སྐྲུན་འགན་འཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡའི་ཀྲུང་དབྱང་ཞིང་ཆེན་དང་ལུའུ་ཨ་ཕུའུ་ལཱ་ཞིང་ཆེན་གྱི་ས་ཁུལ་23ལ་ཁྲོན་པ་920འདྲུ་རྒྱུ་རེད། མིག་སྔའི་བར་ཁྲོན་པ་420བདེ་བླག་ངང་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་དེ་བྱིངས་ཀྱི་ཁྲོན་པ་2017ལོའི་ལོ་མཇུག་ཏུ་ལས་མཇུག་སྒྲིལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།