འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་པུར་ཀ་རི་ཡར་
    བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན།  ཉེ་ལམ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་ཐོག་མ་དེ་པུར་ཀ་རི་ཡར་བཙུགས་པ་དང་། ཀྲུང་གོའི་ཞིང་ལས་པུའུ་དང་པུར་ཀ་རི་ཡའི་ཞིང་ལས་པུས་དཔེ་སྟོན་ཁུལ་བཙུགས་པའི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་གྲབས་འཛུགས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         མཉམ་འབྲེལ་གསལ་བསྒྲགས་ནང་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་འཛུགས་པའི་དམིགས་ཡུལ་ནི"16+1"(ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས)ཞིང་ལས་དཔེ་སྟོན་ཁྱབ་གདལ་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཐུན་མོང་ཐོག་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཞིང་ལས་ཐོན་རྫས་ཉོ་ཚོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད། ཀྲུང་གོ་དང་པུར་ཀ་རི་ཡ་ཕྱོགས་ཀྱིས་སྲིད་ཇུས་དང་། མི་ཤུགས། དངོས་ཟོག མ་དངུལ་སོགས་ཀྱི་ཐད་ནས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཡར་སྐུལ་རང་བཞིན་གྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་ཧུར་ཐག་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         དཔེ་སྟོན་ཁུལ་གྱི་མཉམ་ལས་ཀྱི་གཙོ་གནད་ནི་ཞིང་ལས་ཚན་ཞིབ་དང་། ཞིང་འཕྲུལ། འདེབས་འཛུགས། གསོ་ཚགས། ལས་སྣོན་གྱི་ཐོན་ལས་ཧྲིལ་པོའི་འབྲེལ་ཐག་སོགས་ཀྱི་ཁྱབ་ཁོངས་སུ་དཔེ་སྟོན་ཁུལ་དང་ཀྲུང་གོའི་རྒྱལ་ཁོངས་ནང་གི་ཞིང་ལས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་འབྲེལ་མཐུད་དང་མཉམ་ལས་ཧུར་ཐག་བྱ་རྒྱུར་སྐུལ་འདེབས་བྱ་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཁག་གི་ད་ཆའི་དེང་རབས་ཞིང་ལས་ཁུལ(དཔལ་འབྱོར་རྒྱུད)དུ་དངོས་སྒྲུབ་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེབས་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོའི་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་དང་པུར་ཀ་རི་ཡའི་ཞིང་ལས་པུའི་པུའུ་ཀྲང་ཏི་སྨི་ཐེ་ལུའོ་ཕུའུ་ཡིས་སོ་སོའི་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།