འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་རྒྱལ་ཁབ་ཁག་གི་བྱིས་པ་ཚོ"དྲུག་གཅིག"རྒྱལ་སྤྱིའི་བྱིས་པའི་
    དུས་ཆེན་ལ་རོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན"དྲུག་གཅིག"རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་དེར་ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ལྷན་ཚོགས་ཀྱིས་པེ་ཅིང་དུ"དར་གོས་ལམ་བུའི་བྱིས་བློ·མ་འོངས་ཕུགས་བསམ་མཉམ་གཏོད"ཅེས་པའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཁབ་དང་ས་ཁུལ་40ནས་ཡོང་བའི་བྱིས་པ་700ལྷག་ཙམ་གྱིས་རང་ཉིད་ཀྱི་དུས་ཆེན་མཉམ་དུ་རོལ་བ་རེད། 
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཅ་རུའེ་བྱེད་སྒོར་ཞུགས་པ་དང་འབྲེལ། སྤྲོ་སེམས་ཆེན་པོས་ཕྲུ་གུ་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་ཀྲུང་གོའི་བྱིས་པ་དང་འཛམ་གླིང་གི་བྱིས་པ་ནི་གཅིག་སེམས་གཅིག་སྒྲིལ་ཡིན། ང་ཚོས་དེ་རིང་གི་བྱེད་སྒོ་སྤེལ་དོན་ནི་རྒྱལ་ཁབ་ཁག་གི་བྱིས་པར་དོ་ར་ཞིག་བསྐྲུན་ནས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་ཕྲུ་གུ་ཚོར་སྤེལ་རེས་བྱེད་པའི་གོ་སྐབས་སྐྲུན་པ་དང་ཁོང་ཚོར་ཆུང་དུས་ནས་མཛའ་གྲོགས་དང་། ལྟ་རེས་སྐྱོང་རེས། མཉམ་ལས་བཅས་ཀྱི་འདུ་ཤེས་ཆགས་པ་བྱ་རྒྱུ་དེ་ཡིན། ཕྲུ་གུ་ཚོ་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་ཞེས་བཤད་པ་རེད།
         ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་དང་། ཀྲུང་གོར་བཙུགས་པའི་སྒྲིག་གཞི། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་སྐུ་ཚབ་ཁག་གཅིག་གིས་ནང་མི་འཁྲིད་དེ་བྱེད་སྒོར་ཞུགས་པ་རེད། "དེ་རིང་གི་རོགས་པ་ཆུང་ཆུང་། མ་འོངས་ཀྱི་གྲོགས་པོ"སླད་ཕྱིན་ཀྲུང་གོ་སུང་ཆིང་ལིན་ཐེབས་རྩ་ལྷན་ཚོགས་ཀྱིས"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གསོ་དང་། རིག་གནས། སྤྱི་ཕན་རྣམ་གྲངས་བཅས་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཀྱི་དམངས་ཁྲོད་ཀྱི་མཛའ་མཐུན་དང་། དམངས་ཀྱི་འདོད་བློ་སྤེལ་རེས། དམངས་འཚོའི་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།