འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་རི་《ཕ་རི་སིའི་གྲོས་མཐུན་》ལས་འབུད་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཨ་རི་《ཕ་རི་སིའི་གྲོས་མཐུན་》ལས་འབུད་རྒྱུའི་ཁྱབ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཟླ་6ཚེས་1ཉིན་ཕོ་བྲང་དཀར་པོ་རུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་རི་མི་འགྱངས་པར་《ཕ་རི་སིའི་གྲོས་མཐུན་》ཞེས་པའི་གོ་ལ་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དམིགས་པའི་སྒྲིག་འཛུགས་ལས་འབུད་རྒྱུ་ཡིན་ཟེར། 
         ཐི་རོམ་ཕུ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་དུ། "དེ་རིང་ནས་བཟུང་། ཨ་རིས་ཚོད་འཛིན་རང་བཞིན་མེད་པའི་《ཕ་རི་སིའི་གྲོས་མཐུན་》ལག་བསྟར་བྱེད་རྒྱུའི་མཚམས་འཇོག་རྒྱུ་ཡིན"ཟེར། 
         ཐི་རོམ་ཕུ་ཡིས། 《ཕ་རི་སིའི་གྲོས་མཐུན་》གྱིས་རྒྱལ་ཁབ་གཞན་ལ་ཁེ་བཟང་བསྐྲུན་པ་ལས། ཨ་རི་ཕན་མེད་ཀྱི་གནས་ཤིག་ཏུ་བཞག་ཡོད་པས། ཨ་རིས་ཡང་བསྐྱར་གྲོས་མོལ་བྱས་ནས་རང་ལ་མཚོན་ན་འདྲ་མཉམ་ཡིན་པའི་གྲོས་གཞི་ཞིག་འཇོག་རྒྱུ་ཡིན་ཟེར། 
         ཨ་རིའི་སྲིད་འཛིན་སྔོན་མ་ཨོ་བྷ་མ་ཡིས་དེའི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཨ་རི"མདུན་ལམ་ལ་རྒོལ་བའི་རྒྱལ་ཁབ་ཁ་ཤས"ཀྱི་ནང་དུ་ཞུགས་པ་རེད་ཅེས་སྐྱོན་བརྗོད་བྱས་པ་རེད། 
         ཐི་རོམ་ཕུ་ཡིས་གནམ་གཤིས་ཀྱི་འགྱུར་ལྡོག་ནི་གཡོ་ཐབས་ཡིན་ལུགས་སྒྲོག་མྱོང་ལ། འདེམས་བསྐོའི་དུས་རིམ་སུའང་《ཕ་རི་སིའི་གྲོས་མཐུན་》ལས་འབུད་རྒྱུ་ཡིན་ལུགས་འཇིགས་སྐུལ་བྱས་པ་དང་། ཨ་རིའི་སྲིད་འཛིན་གྱི་འགན་བཞེས་པ་ནས་བཟུང་ཨོ་བྷ་མའི་སྲིད་གཞུང་གི"གློག་ཤུགས་གཙང་བཟོའི་འཆར་གཞི"ཞེས་པའི་གློག་འདོན་བཟོ་གྲྭའི་ཐཱན་འབུད་ཚད་ཇེ་ཉུང་དུ་གཏོང་བའི་ལས་གཞི་དེ་བསྐྱར་བཅོས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཐི་རོམ་ཕུའི་སྲིད་གཞུང་གིས་2018ལོར་བཏོན་པའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་འཆར་དངུལ་ནང་དུའང་མཉམ་འབྲེལ་རྒྱལ་ཚོགས་ལ་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ལས་གཞིའི་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་པའི་གྲོས་གཞི་བཏོན་པ་དང་། ཨ་རིའི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གི་འཆར་དངུལ་ཡང་ཇེ་ཉུང་སུ་བཏང་འདུག   
         གནམ་གཤིས་ཀྱི་གནད་དོན་ཐད་ལ། ཐི་རོམ་ཕུའི་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སྐྱོན་བརྗོད་བྱས་ཡོད་པ་རེད།
    ༄༅༎ཨ་རི་《ཕ་རི་སིའི་གྲོས་མཐུན་》ལས་འབུད་རྒྱུའི་ཁྱབ་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།