འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎"རྒྱུད་གཅིག་ལམ་གཅིག"གི་བརྗོད་བྱ་གཙོ་བོའི་བགྲོ་གླེང་ཚོགས་འདུ་ནེ་པ་ལའི་རྒྱལ་སར་
    འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན"'རྒྱུད་གཅིག་ལམ་གཅིག'རིམ་སྤོར་འབྲེལ་མཐུད"ཅེས་བརྗོད་བྱ་གཙོ་བོར་བྱས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་པ་དང་ཀྲུང་ནེའི་ལས་རིགས་ཁག་གི་མི་སྣ་200ཙམ་གྱིས་ཇི་ལྟར་བྱས་ཏེ"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱ་རྒྱུར་དངོས་དོན་གཉེར་ནས་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
         ནེ་པ་ལའི་གུང་ཁྲན་ཏང(མཉམ་འབྲེལ་མར་ལེ)གི་ཀྲུའུ་ཞི་དང་ཙུང་ལི་ཟུར་པ་ཨའོ་ལིས་གཏམ་བཤད་གནང་སྐབས་ནེ་ཀྲུང་རྒྱལ་ཁབ་གཉིས་པོས་འདི་ཟླའི་ཚེས་12ཉིན་མིང་རྟགས་བཀོད་པའི"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་དྲན་ཐོར་ཚད་མཐོའི་གདེང་འཇོག་གནང་བ་དང་ད་ལྟ་ནི་གྲོས་མཐུན་དོན་འཁྱོལ་དང་ནེ་ཀྲུང་མཉམ་ལས་ལ་དངོས་དོན་གཉེར་ནས་སྐུལ་འདེད་གཏོང་བའི་དུས་སྐབས་ཡིན་པའི་ངོས་འཛིན་གནང་ཡོད། ཁོང་གིས་བརྟན་ལྷིང་དང་མཐུན་སྒྲིལ་སོགས་གཞི་རྩའི་ཆ་རྐྱེན་དང་མཐུན་ཚེ་ནེ་པ་ལ་འདི་ཉིད"རྒྱུད་གཅིག་ལམ་གཅིག"འཛུགས་པའི་ནང་ཞུགས་པར་གཞི་ནས་དོན་སྙིང་ལྡན་པ་དང་འབྲས་བུའང་ཐོབ་སྲིད་པས་ནེ་པ་ལའི་ཏང་ཤོག་ཆེ་གྲས་ཁག་གིས་རོལ་རྩེད་ལྟར་གྱི་སྲིད་གཞུང་ཡང་སེ་བརྗེ་རྒྱུ་འདོར་ནས་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་མང་ཙམ་བྱ་རྒྱུའི་ནན་བཤད་གནང་བ་རེད།
         ནེ་པ་ལའི་ཚོགས་ཆེན་ཏང་གི་འགོ་ཁྲིད་བསླབ་པ་རྒན་གྲས་ནོར་སྲིད་པུའི་པུའུ་ཀྲང་ཟུར་པ་མ་ཧེ་ཐེས་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་དུས་ཡུན་རིང་པོའི་ནང་ནེ་པ་ལར་ཚོང་གཉེར་བྱེད་པའི་མ་གནས་མཐོ་པོ་ཡོད། "རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་སྦྲགས། ནེ་པ་ལའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་སྲིད་ཅེས་གསུངས་པ་དང་། ཁོང་གིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དོན་འཁྱོལ་བྱེད་པར་ནེ་པ་ལས་མ་དངུལ་འབོར་ཆེན་ཞིག་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པ་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སོགས་སྒྲིག་གཞིའི་རྒྱབ་སྐྱོར་ཐོབ་པ་བྱ་ཆེད་ནེ་པ་ལས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་བར་བརྩིས་ནས་ཕན་ཡོད་ཀྱི་མ་འཇོག་ཁོར་ཡུག་སྐྲུན་པ་དང་འབྲེལ་ཆབ་སྲིད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
           ཀྲུང་གོ་མི་དམངས་སློབ་ཆེན་དང་། ཕུའུ་ཏན་སློབ་ཆེན། ཧོ་པེ་དཔལ་འབྱོར་ཚོང་དོན་སློབ་ཆེན་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཡང་གདན་ཞུས་ལྟར་དེ་ཉིན་གྱི་ཚོགས་འདུར་ཕེབས་ནས་ནེ་པ་ལའི་ཕྱོགས་ཁག་དང་རིག་གཞུང་སྤེལ་རེས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།