འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅༎ཁོང་ཀོ(པུའུ)ཡི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཆུ་ཤུགས་གློག་
    ཁང་གི་དར་མཚོན་བྲེག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ལི་ཝུའེ་སུའོ་ཆུ་ཤུགས་གློག་ཁང་ཨར་མཇུག་འགྲིལ་བའི་མཛད་སྒོ་འཚོགས་ཤིང་། ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་ཡིས་སྐུ་ཟླ་དང་མཉམ་དུ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་དར་མཚོན་བྲེག་པར་ཕེབས་པ་དང་། ཁོང་ཀོ(པུའུ)ཡི་ནང་བློན་ཁང་གི་ཁོངས་མི་དང་། གྲོས་ཚོགས་ཀྱི་ཁོངས་མི། ཕྱི་འབྲེལ་གཞུང་ཚབ་བཅས་གདན་ཞུས་ལྟར་མཛད་སྒོར་ཞུགས་པ་རེད།
         ལི་ཝུའེ་སུའོ་ནི་ཁོང་ཀོ(པུའུ)ཡི་བྱང་རྒྱུད་ཀྱི་སང་ཅཱ་ཞིང་ཆེན་དུ་གནས་པ་དང་། ལི་ཝུའེ་སུའོ་ཆུ་ཤུགས་གློག་ཁང་ནི་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(པུའུ)ལ་སྐྲུན་འགན་འཁུར་བའི་ཆུ་ཤུགས་གློག་ཁང་གསུམ་པ་ཡིན་པ་དེ་རྒྱལ་ས་པུ་ར་ཙ་ཝེར་ནས་བར་ཐག་སྤྱི་ལེ་750ཡོད་པ་དང་། ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.1ཡིན་པ་དེ་ནས་གློག་གཏོང་ཚད་ཀྲའོ་ཝ་19.2ཟིན་པ་དང་ཆུ་ཤུགས་གློག་འདོན་འཕྲུལ་ཚན་3ལས་འགྲུབ་ཡོད།
         མཛད་སྒོའི་ཐོག་ཁོང་ཀོ(པུའུ)ཡི་ལས་གྲྭ་ཆེ་གྲས་པུའི་པུའུ་ཀྲང་པུའུ་ཡཱ་ཡིས། ལི་ཝུའེ་སུའོ་ཆུ་ཤུགས་གློག་ཁང་ནས་ཆུ་ཚོད་24ནང་གློག་ཤུགས་མཁོ་འདོན་བྱས་ནས་བྱང་རྒྱུད་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་གྱི་ཞན་ཆ་གསབ་པ་དང་། ས་གནས་དེ་གའི་སྨན་བཅོས་དང་སློབ་གསོའི་ཆུ་ཚད་ལེགས་སུ་གཏོང་བ། ཕྱོགས་མང་པོའི་ཐད་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁེ་ཕན་གཏོད་ཐུབ་རྒྱུ་ཡིན་པ་རེད།
         ལི་ཝུའེ་སུའོ་ཆུ་ཤུགས་གློག་ཁང་རྣམ་གྲངས་དེ་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ནས་དངུལ་བུན་གཡར་བ་དང་ཀྲུང་གོ་ནུས་སྐྲུན་ཀེ་ཀྲོའུ་པཱ་ཚོགས་པས་སྐྲུན་འགན་འཁུར་བ་དང་རྣམ་གྲངས་དེ་2012ལོའི་ཟླ་6པར་སྐྲུན་འགོ་ཚུགས་པ་དང་2016ལོའི་ཟླ་8པར་འཕྲུལ་ཚན་3ནས་མཉམ་དུ་གློག་གཏོང་ཐུབ་པ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།