འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཧི་མ་ལ་ཡའི་རི་རྒྱུད་དུ་དབུལ་སྒྲོལ་འགག་སྒྲོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། ཀྲུང་གོའི་ཐོན་སློབ་ཞིབ་གསུམ་མ་རྩ་འཇོག་སྡུད་མཉམ་འབྲེལ་གྱི་འགན་འཁུར་པ་དང་། བོད་སྐྱོར་ལས་བྱེད་པ། བོད་ལྗོངས་ཁ་བཏགས་གྲོག་རོང་སྦྲང་རྩི་ལས་རིགས་ཀྱི་CEO ཡུན་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་བོད་ལྗོངས་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་བསྐྱོད་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སེར་ཚོར་སྦྲང་མ་གསོ་བའི་ལག་རྩལ་གསར་པ་དང་སྦྲང་སྒམ་གསར་པ་བེད་སྤྱོད་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་དང་ལེན་བྱེད་དུ་བཅུག་པ་རེད།
         སློབ་དུས་དང་པོའི་གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་པའི་སློབ་མ་ཚོ་ནི་རྨོག་ཤོད་དང་། ཆུ་ཚན་ཁ། བྱིས་གྲོངས་ཤང་བཅས་ནས་ཡོང་བའི་སྦྲང་གསོའི་དུད་ཁྱིམ་བརྒྱ་ལ་ཉེ་བ་དང་། ད་དུང་ཤང་དང་གྲོང་ཚོ་ཁག་གི་ཏང་སྲིད་ལས་བྱེད་པ་བཅས་ཡོད་ཅིང་། ཁོང་ཚོ་ནི་ཐོན་ལས་དབུལ་སྐྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ཐད་ལག་རྩལ་དང་ལས་སྒོའི་སྣེ་ཁྲིད་པར་གྱུར་ནས་ཞིང་དུད་རྣམས་སྣེ་ཁྲིད་བྱས་ཏེ་ཐུན་མོང་དུ་་ཕྱུག་པོར་འགྱུར་བར་བྱ་རྒྱུ་རེད།
         ཧི་མ་ལ་ཡའི་རི་ཁུལ་ནི་དྭངས་གཙང་གི་ཞིང་ཁམས་ཡིན་ཞིང་། རི་ཁུལ་འདིར་ས་ཁམས་ཐོག་གི་དམིགས་བསལ་རང་བཞིན་ལྡན་པའི་རྐྱེན་གྱིས། འཛམ་གླིང་ཐོག་གི་འཕྲེད་ཐིག་དམའ་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་ནགས་ཚལ་ས་ཁོངས་ཆགས་པ་རེད། ས་ཁོངས་འདི་རུ་སྦྲང་རྩི་འབྱུང་ཁུངས་ཀྱི་རྩི་ཤིང་རིགས་5000ལྷག་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྦྲང་རྩི་འབྱུང་ཁུངས་ཀྱི་རྩི་ཤིང་རིགས་ཀྱི་ཕྱེད་ཀ་ཡན་ཟིན་པས། རིག་གཞུང་ལས་རིགས་ཀྱིས་འཛམ་གླིང་གི་ས་མཐོའི་མེ་ཏོག་ལྡུམ་ར་ཞེས་འབོད་ཀྱིན་ཡོད་པ་རེད། ཧི་མ་ལ་ཡའི་རི་ཁུལ་དུ་སྦྲང་མ་གསོ་བའི་སྲོལ་རྒྱུན་སྔ་ནས་ད་བར་དར་ཡོད་ཅིང་། གྲོང་མི་ཚོས་ཁང་པའི་མདུན་རྒྱབ་ཏུ་སྦྲང་ཟོམ་ཁ་ཤས་བཞག་སྟེ་སྦྲང་མ་གསོ་བ་དང་། ལོ་རེར་སྦྲང་རྩི་ཁ་ཤས་བླངས་ནས་རང་ཉིད་ཀྱིས་བཟའ་སྤྱོད་བྱེད་པའམ་གཉེན་ཉེ་གྲོགས་པོ་ཚོར་སྤྲོད་ཀྱི་ཡོད་པ་རེད། སྦྲང་མ་གསོ་སྤེལ་བྱེད་ཐབས་སྲོལ་རྒྱུན་གྱི་རགས་ལས་ཙམ་ཡིན་སྟབས། སྦྲང་རྩིའི་སྤུས་ཀའི་ཚད་གཞི་མི་འདྲ་བ་རེད།
        བོད་ལྗོངས་ཁ་བཏགས་གྲོང་རོང་སྦྲང་རྩིའི་ལས་རིགས་ཀྱི་CEOཧོའུ་ཅཱ་ཞི་ཡིས"ཁ་བཏགས་གྲོང་རོང"ཞེས་པའི་སྤུས་རྟགས་ནི་2010ལོར་གསར་དུ་བཙུགས་པ་དང་། 2015ལོའི་འཛམ་གླིང་སྦྲང་མ་གསོ་བའི་འགྲན་བསྡུར་ཆེན་པོ་སྐབས་44པའི་ཁྲོད་དུ་ཚོང་ལས་ཚོགས་ཆུང་དང་འགྲན་བསྡུར་ཚོགས་ཆུང་གི་གསེར་གྱི་གཟེངས་རྟགས་གཉིས་ཐོབ་པ་དང་། 2016ལོར། ཁ་བཏགས་གྲོག་རོང་ལ་ཀྲུང་གོའི་ཐོན་སློབ་ཞིབ་གསུམ་གྱི་གསར་གཏོད་སྐུལ་སྤེལ་བྱ་དགའ་ཐོབ་པ་རེད། ཁ་བཏགས་གྲོག་རོང་སྦྲང་རྩི་ནི་སྤུས་ཀ་ཁྱད་དུ་འཕགས་པས། ཕྱི་ཕྱོགས་རྒྱལ་ཁབ་ཁག་གི་གཅེས་ནོར་དུ་གྱུར་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་ར་ཚང་མའི་གདེང་འཇོག་ཡག་པོ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།