འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།སྐབས་དང་པོའི་རྒྱལ་ཡོངས་ཀྱི་གསར་གཏོད་ལེགས་བརྩོན་གྱི་བྱ་དགའ་ཡོངས་བསྒྲགས་
    བྱེད་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཚེས་25ཉིན་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དང་པོའི་རྒྱལ་ཡོངས་ཀྱི་གསར་གཏོད་ལེགས་བརྩོན་བྱ་དགར་གཟེངས་བསྟོད་རྟགས་མ་ཐོབ་མཁན་ཚོགས་པ་10དང་། བྱ་དགའི་རྟགས་མ་ཐོབ་མཁན་28 གཟེངས་བསྟོད་ལག་ཁྱེར་ཐོབ་མཁན་254བཅས་དཔྱད་འདེམས་བྱུང་བས་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོར་གཟེངས་བསྟོད་བྱ་རྒྱུ་རེད།
         ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲང་ཡུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་གསར་གཏོད་ལེགས་བརྩོན་བྱ་དགའ་ནི་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་རྒྱས་བྱ་དགའ་བཅས་སྤྲོད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱིས་སླར་ཡང་ཆོག་མཆན་གནང་ནས་སྤྲོད་པའི་ཚན་རྩལ་གྱི་བྱ་དགའ་གལ་ཆེན་གཞན་ཞིག་ཡིན་པ་དང་དེ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་མ་ལག་གི་གྲུབ་ཆ་གལ་ཆེན་དང་ཁ་གསབ་ཅིག་དང་། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་རྣམ་གྲངས་དང་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་འཆར་གཞི་གལ་ཆེན་སྦྲེལ་མཐུད་ནུས་ལྡན་བྱེད་པ་ཞིག རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་སྤྲད་རྗེས་ཀྱི་ཚན་རྩལ་ཤེས་ལྡན་པར་སྤྲོད་པའི་བྱ་དགའ་ཆེན་པོ་ཞིག་བཅས་རེད་ཅེས་བརྗོད།
         ཧྲང་ཡུང་གིས་དཔྱད་འདེམས་བྱེད་རིང་། “ཀུན་སྤྱོད་ལེགས་པ་དང་། ལག་རྩལ་བྱང་ཆུབ་པ། འཇོན་ཐང་ཆེ་བ། རྨང་གཞི་བརྟན་པ། ལེགས་སྐྱེས་ཆེ་བ”བཅས་ཀྱི་ཚད་གཞི་ལྔ་ལ་གཞིགས་ནས་གདམ་གསེས་བྱེད་པ་མ་ཟད། གཟེངས་བསྟོད་ཨུ་ལྷན་དང་། དཔྱད་ཞིབ་ཨུ་ལྷན། ལྟ་སྐུལ་ཨུ་ལྷན་བཅས་བཙུགས་ཏེ་《རྒྱལ་ཡོངས་ཀྱི་གསར་གཏོད་ལེགས་བརྩོན་བྱ་དགའི་དཔྱད་ཞིབ་བྱ་ཐབས་》ཞིབ་འཇུག་བྱས་ནས་བཟོས་ཡོད་ལ། ཡོའན་ཧྲི་157ཚུད་པའི་རིག་ཚན་ཁྱབ་ཁོངས་ཁག་གི་ཕུལ་བྱུང་འཐུས་མི་དང་། ཚན་རྩལ་དོ་དམ་གྱི་རིགས་གཅིག་མཁས་ཅན། ཁེ་ལས་ཀྱི་འགན་འཁུར་བ་བཅས་300ལྷག་ཙམ་གདན་ཞུ་བྱས་ནས་དཔྱད་ཞིབ་རིགས་གཅིག་མཁན་གྱི་འགན་ཁུར་ཡོད་ཅེས་བརྗོད་པ་རེད།
         འདི་ལོ་ཟླ་4པར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཚན་རྩལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མཉམ་དུ་རྒྱལ་ཡོངས་ཀྱི་གསར་གཏོད་ལེགས་བརྩོན་བྱ་དགའ་ཐུན་མོང་ཐོག་སྤྲོད་རྒྱུའི་ཆོག་མཆན་ཐོབ་རྒྱུ་ཀྲུང་དབྱང་ལ་སྙན་སེང་ཞུས་ཤིང་། གཙོ་བོ་ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་སྤེལ། གོ་མཚོན་གལ་ཆེན། ལས་གྲྭའི་འགག་སྒོ་གལ་ཆེན་ལ་གཟེངས་བསྟོད་བྱ་རྒྱུ་མ་ཟད། ལས་གཏོད་ཕྱོགས་བསྒྱུར་བྱས་ནས་ཚན་རྩལ་ཁྱབ་གདལ་དང་སྤྱི་ཚོགས་ཀྱི་ཞབས་ཞུ་སོགས་ཐད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་དང་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ལྡན་པའི་ཕུལ་བྱུང་གི་ཚན་རྩལ་ལས་དོན་པ་དང་ཕུལ་བྱུང་གི་ཚན་ཞིབ་ཚོགས་པར་གཟེངས་བསྟོད་བྱ་རྒྱུ་རེད
      

    ཕྱོགས་བསྡུས་གསར་འགྱུར།