འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཞི་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་ཚང་མ་
    གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། རིམ་རྩིས་ལྟར་ན་འདི་ལོའི་ཟླ་དང་པོ་ནས་ཟླ་བཞི་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8དང་ཁེ་སྤོགས་སྒོར་དུང་ཕྱུར་4449.9ཟིན་པ་དེ་དུས་མཚུངས་ལས་18.6%དང་18.1%ཁག་སོ་སོར་འཕར་ཡོད་པ་རེད།
         གཞུང་རྒྱུ་ཨུ་ལྷན་ནོར་དོན་ལྟ་སྐུལ་དོ་དམ་ཅུས་ཀྱིས་དབྱེ་ཞིབ་བྱས་པ་ལས་མངོན་པར་གཞིགས་ན། སྤྱི་ཁོག་དཔལ་འབྱོར་སླར་ཡང་འཕེལ་རྒྱས་བརྟན་པོ་བྱུང་བའི་དབང་གིས་ཀྲུང་དབྱང་ཁེ་ལས་ཁྲོད་ཀྱི་རྡོ་སྣུམ་རྡོ་འགྱུར་དང་། ལྕགས་བཞུ། གཏེར་ལས་བཅས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་དང་ཆབས་ཅིག་འཕྲིན་གཏོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཡོང་འབབ་དུས་མཚུངས་ལས་2.5%དང་14% 17.1%བཅས་ཁག་སོ་སོར་འཕར་ཡོད་པ་རེད།
        བསྡོམས་རྩིས་ལས་མངོན་པར་གཞིགས་ན། ཀྲུང་དབྱང་གི་གློག་དང་། རྡོ་སོལ། རྡོ་སྣུམ། སྐྱེལ་འདྲེན་སོགས་ཀྱི་རྨང་གཞིའི་ལས་རིགས་ཁེ་ལས་ཀྱིས་ཐོན་སྐྱེད་དང་། གཉེར་སྐྱོང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཐབས་མང་མཉམ་དུ་སྤྱད་ནས་ཐོན་སྐྱེད་དང་ཕྱིར་ཚོང་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་རེད། ཟླ་དང་པོ་ནས་བཞི་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་གློག་འཚོང་ཚད་དུས་མཚུངས་ལས་7%འཕར་བ་དང་། གློག་གཏོང་ཚད་7.7%འཕར་བ། མ་བཅོས་རྡོ་སོལ་དང་བཅོས་སྣུམ་ཐོན་ཚད་9.4%དང་1.2%ཁག་སོ་སོར་འཕར་བ་དང་། མཁའ་འགྲུལ་ཁེ་ལས་དང་ཆུ་ཐོག་སྐྱེལ་འདྲེན་ཁེ་ལས་ཀྱི་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་9.3%དང་6.1%ཁག་སོ་སོར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།