འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཞིང་ཆེན་གྱིས་རྫོང་དབུལ་པོ་58ཀྱི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་4བསྐྱར་
    སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་24ཉིན་ཧྲན་ཤིས་ཞིང་ཆེན་འགྲིམ་འགྲུལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོ་ནས་2020ལོ་བར་ཧྲན་ཤིས་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་1000བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་6བསྐྱར་སྐྲུན་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་2.3ལག་བསྟར་བྱེད་རྒྱུ་ཡིན་པ་རེད། དེའི་ནང་རྫོང་དབུལ་པོ་58ཀྱི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་4བསྐྱར་སྐྲུན་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་1.14ལག་བསྟར་བྱེད་རྒྱུར་མ་དངུལ་སྒོར་དུང་ཕྱུར་485གཏོང་རྒྱུ་ཡིན་པ་རེད།
         ཉེ་ཆར། ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་11དང་མཉམ་དུ་ཞིང་ཆེན་དང་གྲོང་ཁྱེར་མཉམ་སྐྲུན་གྱི“ཡག་པ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཞིང་ཆེན་དང་གྲོང་ཁྱེར་མཉམ་སྐྲུན་གྱི་མཉམ་ཤུགས་སྔར་བས་གཅིག་འགྲིལ་བྱེད་རྒྱུའི་གཏན་འཁེལ་བྱས་ནས་2020ལོར་སླེབས་སྐབས“འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོང་། འཁོར་སྐྱོད་ཚོང་གཉེར་བཅས་ཡག་པའི”གྲོང་གསེབ་ཀྱི་གཞུང་ལམ་གྱི་སྤྱིའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཧྲན་ཤིས་ཞིང་ཆེན་གྱིས་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱས་ནས་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱས་ཏེ“ཞིང་ཆེན་རིམ་པས་འཛུགས་སྐྲུན་གྱི་རོགས་དངུལ་གཏོང་བ་དང་། གྲོང་ཁྱེར་རིམ་པས་འོས་འཚམ་གྱིས་ཁ་གསབ་བྱེད་པ། རྫོང་རིམ་པས་མ་དངུལ་བསྡུ་སྒྲིལ་མཐའ་སྐྱོང་བྱེད་པ”བཅས་ཀྱི་བྱ་ཐབས་སྤྱད་ནས་སྲིད་ཇུས་ཀྱིས་སྣེ་ཁྲིད་བྱེད་པ་བརྒྱུད། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས“རིམ་གསུམ་མཉམ་འགུལ་གྱིས་མཉམ་དུ་ཤུགས་རྒྱག་པའི”མཉམ་སྐྲུན་ལམ་སྲོལ་ཆགས་པ་བྱེད་རྒྱུ་ཡིན་པ་རེད། གོམས་སྟབས་རྗེས་མར། ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་ཕྱོགས་གང་ས་ཅི་ཐད་ནས་མ་དངུལ་སྒོར་དུང་ཕྱུར་250གྲབས་གསོག་བྱེད་པ་དང་གྲོང་ཁྱེར་དང་རྫོང་གིས་མཉམ་དུ་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་750གྲབས་གསོག་ཡར་སྐུལ་ཐུབ་པ་བྱས་ནས“ཡག་པ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།