འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཀོང་ཤིས་ཀྱི་སྲོལ་རྒྱུན་གྲོང་སྡེ་26ལ་ཀྲུང་དབྱང་གི་ཁ་གསབ་སྒོར་ཁྲི་7800ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། གསར་འགོད་པས་ཀོང་ཤིས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་བདུན་གྱིས་2017ལོར་ཀྲུང་དབྱང་གི་ནོར་སྲིད་ཀྱི་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་པའི་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། འདི་ལོ་ཀོང་ཤིས་ཀྱི་གྲོང་སྡེ་26མིང་གྲལ་དུ་ཚུད་པ་དང་། གྲོང་སྡེ་རེར་ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་སྒོར་ཁྲི་300རེ་ཐོབ་པ་དང་ཁྱོན་སྒོར་ཁྲི་7800ཟིན་པ་དེ་དག་སྲོལ་རྒྱུན་བཟོ་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་དཔེ་སྟོན་དང་། མེ་སྐྱོན་སྔོན་འགོག་གི་བདེ་འཇགས་འགན་ལེན། རྨང་གཞིའི་སྒྲིག་བཀོད་དང་ཁོར་ཡུག་ལེགས་གཏོང་། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྐྱོད་སོགས་ཐད་ཀྱི་རྣམ་གྲངས་ལ་གཅིག་སྡུད་གཏོང་རྒྱུ་ཡིན་པ་དང་། གཞན་ཡང་2018ལོའི་ལོ་འཁོར་གྱི་ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་བྱ་ཡུལ་ནང་ཀོང་ཤིས་ཀྱི་གྲོང་སྡེ་13འཇུག་རྩིས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཤིས་ཀྱིས་མིག་སྔར་ཡོངས་བསྒྲགས་བྱས་པའི་སྲོལ་རྒྱུན་གྱི་གྲོང་སྡེ་423(དེའི་ནང་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པའི་གྲོང་སྡེ་161ཡོད་པ་)ཡོད་པ་རེད། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་ཆེད། ཀོང་ཤིས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་《ཀོང་ཤིས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་》སྒྲིག་འཛུགས་བྱས་ནས་བཟོས་ཏེ་ལོ་རྒྱུས་ལྡན་པའི་བཟོ་སྐྲུན་དང་ལོ་རྒྱུས་ལྡན་པའི་ཁོར་ཡུག་གི་རྒྱུ་རྐྱེན་ལ་གཞིགས་ནས་བརྟག་ཞིབ་ཀྱིས་ཡིག་ཚགས་བཟོས་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མ་དངུལ་གྲབས་གཤོམ་བྱས་ཏེ་2015ལོ་དང་2016ལོར་ཀོང་ཤིས་ཀྱིས་སྲོལ་རྒྱུན་གྲོང་སྡེ་84དང་100ཡི་འཆར་འགོད་བཟོ་འགོད་ཀྱི་ཁ་གསབ་འགྲོ་གྲོན་བཀོད་སྒྲིག་བྱས་པར་ཁྱོན་སྒོར་ཁྲི་1840ཟིན་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྲོལ་རྒྱུན་གྱི་དམངས་ཁང་སྲུང་སྐྱོང་དང་ཉམས་བཟོའི་ལས་དོན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་ཡག་པོ་ཐོབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀོང་ཤིས་ཀྱི་ལྗོངས་ཡོངས་ལ་མིག་སྔར་སྲོལ་རྒྱུན་གྲོང་སྡེ་165ཡོད་པ་དེ་དག་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་སྤེལ་ནས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1120ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།