འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཤིན་ཅང་རྒྱལ་སྤྱིའི་མི་རིགས་ཞབས་བྲོའི་དུས་ཆེན་སྐབས་ལྔ་པ་དེ་ཟླ་7པར་
    འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། རིག་གནས་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱེད་པའི་ཀྲུང་གོའི་ཤིན་ཅང་རྒྱལ་སྤྱིའི་མི་རིགས་ཞབས་བྲོའི་དུས་ཆེན་སྐབས་ལྔ་པ་དེ་ཟླ་7པའི་ཚེས་20ནས་ཟླ་8ཚེས་5ཉིན་བར་ཤིན་ཅང་དུ་གཉེར་རྒྱུ་རེད། ཕ་ཁི་སི་ཐན་དང་། ཨེ་ཅིབ། ཨུ་རུ་སུ་སོགས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཀྱི་རྒྱལ་ཁབ་དང་དེ་བཞིན་ཀྲུང་གོའི་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། ཤིན་ཅང་རང་སའི་སྒྱུ་རྩལ་ཚོགས་པ་ཁག་གཅིག་གིས་ངོ་མཚར་འཁྲབ་སྟོན་60ལྷག་བྱ་རྒྱུ་རེད།
         གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་ཞབས་བྲོའི་དུས་ཆེན་གྱི་འཁྲབ་སྟོན་ཡོངས་ལ་རིན་གོང་དམའ་བའི་སྤ་སེ་དང་སྤྱི་ཕན་ཆེད་དོན་ཚོགས་ར་བཀོད་སྒྲིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཉེ་འཁོར་དུ་རིན་གོང་ཁེ་པོའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་འཁྲབ་སྟོན་རྩེ་གྲ་ལ་ལྟ་ཐུབ་པར་བྱ་རྒྱུ་རེད། དེ་དང་ཆབས་ཅིག ད་ཐེངས་ཀྱི་ཞབས་བྲོ་དུས་ཆེན་གྱིས་སྤྱི་ཚོགས་ཐོན་ཁུངས་དང་། བརྙན་འཕྲིན། དྲ་བ་སོགས་ཀྱི་སྨྱན་སྦྱོར་ལ་བརྟེན་ནས་དྲ་རྒྱའི་ཐོག་ཞབས་བྲོ་མཉམ་འགུལ་སོགས་སྤྱི་ཚོགས་བྱེད་སྒོ་གཉེར་ཏེ་མང་ཚོགས་སྔར་བས་མང་བ་ཞབས་བྲོའི་དུས་ཆེན་གྱི་བྱེད་སྒོ་མང་པོར་ཞུགས་སུ་འཇུག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།