འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་དེབ་འགྲེམས་ཆེ་ཤོས་ཐོག་ཀྲུང་གོའི་དཔེ་དེབ་ཐོག་མར་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། སྐབས་30པའི་དབྱི་ཐ་ལིའི་ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་འདུ་ཚོགས་མཇུག་འགྲིལ་ལ་ཉེ་བའི་མཚམས་སུ་སླེབས་ནའང་གཞི་རྒྱ་ཆེན་པོ་དེ་ཙམ་མེད་པའི་ཀྲུང་གོའི་འགྲེམས་སྟེགས་ཀྱི་འགྲམ་དུ་ས་གནས་དེའི་མང་ཚོགས་མང་པོ་ཞིག་སྔར་བཞིན་རུབ་ནས་བསྡད་ཡོད།
         “རྒྱ་ཡིག་སློབ་སྦྱོང་བྱེད་པའི་སློབ་གཞི་ཡོད་དམ”དང“ཀྲུང་གོའི་པ་ཊ་དེ་གང་འདྲ་བྱས་ནས་བཟོས་པ་ཡིན་ནམ། ཁྱེད་ཀྱིས་ང་ལ་བསླབས་ན་འགྲིག་གམ”ཞེས་པ་སོགས་ཀྱི་དྲི་བ་གཅིག་རྗེས་གཉིས་མཐུད་ངང་བཏོན་པས་ས་གནས་ས་ཐོག་གི་ཀྲུང་གོ་ཕྱོགས་ཀྱི་ལས་དོན་པ་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད་པ་རེད།
         འདི་ལོ་ཀྲུང་གོའི་དཔེ་དེབ་ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་འདུ་ཚོགས་ཐོག་ཐེངས་དང་པོར་བཏོན་པ་དེ་ཀྲུང་གོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན་(ཚོགས་པ་)སྤྱི་ཁྱབ་ཀུང་སིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དབྱི་ཐ་ལིའི་དཔེ་སྐྲུན་ལས་རིགས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་དུས་མཚུངས་2018ལོའི་དབྱི་ཐ་ལིའི་པོ་ལུའོ་ཉི་ཡ་རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོས་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་བྱེད་སྒོ་སྤེལ་ཕྱིར་གྲ་སྒྲིག་བྱ་རྒྱུ་དེ་རེད།
         འགྲེམས་སྟེགས་ཐོག་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་》དང་། 《“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དང་འགྲན་སློང་》 《ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་》《ཀྲུང་གོའི་དཔལ་འབྱོར་སྐོར་གྱི་ལྷུག་རྩོམ་》 《རིས་འགྲེལ་ཀྲུང་གོའི་སྐོར་》སོགས་ཀྱི་བརྗོད་དོན་གཙོ་བོའི་དཔེ་དེབ་རབ་དང་རིམ་པ་གཅིག་སྡུད་ཐོག་བཏོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་ཚའོ་ཝུན་ཤོན་ལ་2016ལོར་པོ་ལུའོ་ཉི་ཡ་རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་ཐོག་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གི་བྱ་དགའ་ཐོབ་རྗེས་ཁོང་གི་བརྩམས་ཆོས་མི་ཉུང་བ་ཞིག་ཡིག་སྒྱུར་བྱས་ནས་དབྱི་ཐ་ལིར་ཕྱིར་གཏོང་བྱེད་ཀྱི་ཡོད། མིག་སྔར་ཀྲུང་གོའི་བྱིས་པའི་རི་མོའི་དཔེ་དེབ་འཛམ་གླིང་ཁྱབ་ཁོངས་ནང་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། ད་ཐེངས་དཔེ་སྐྲུན་ཚོང་པ་མང་པོ་འདིར་འཛོམས་ནས་བྱིས་པའི་རྩོམ་རིག་དང་། རི་མོའི་དཔེ་དེབ། ཀྲུང་གོའི་སྲོལ་རྒྱུན་རྩོམ་རིག་བཅས་དང་མཉམ་ལས་དཔེ་སྐྲུན་བྱ་རྒྱུའི་ཐད་གྲོས་མོལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།