འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ནེ་པ་
    ལའི་སློབ་འབྲིང་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ས་ཡོམ་གྱིས་གཏོར་སྐྱོན་ཕོག་པའི་མི་དམངས་ཀྱི་ཕན་བདེ་བཟང་པོའི་སློབ་འབྲིང་སྐྲུན་འགོ་ཚུགས་པའི་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་གཉེར་བ་རེད།
         “སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ང་ཚོར་རོགས་རམ་གནང་བས་དངོས་གནས་དགའ་པོ་བྱུང”ཞེས་མི་དམངས་ཀྱི་ཕན་བདེ་བཟང་པོའི་སློབ་འབྲིང་གི་སློབ་སྤྱི་ཁུའུ་མ་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དགའ་ཚོར་ཆེན་པོ་དང་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད།
         མི་དམངས་ཀྱི་ཕན་བདེ་བཟང་པོའི་སློབ་འབྲིང་དེ་2004ལོར་བསྐྲུན་པ་དང་། ད་ཆ་སློབ་མ་1200ཙམ་ཡོད་པ་རེད། 2015ལོའི་ཟླ་4པར་ས་ཡོམ་དྲག་པོ་ཞིག་བརྒྱབ་པས་སློབ་གྲྭ་དེར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། 2016ལོའི་ཟླ་12པར་སློབ་གྲྭ་དེས་ཀྲུང་གོ་ཕྱོགས་དང་རོགས་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་རེད།
        ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྲུན་བྱེད་པའི་རྣམ་གྲངས་ནི་ཐོག་སོ་གསུམ་ཡོད་པའི་བོད་བཟོའི་སློབ་ཁྲིད་ཐོག་ཁང་ཞིག་བསྐྲུན་རྒྱུ་དེ་ཡིན་པ་རེད།
         རྣམ་གྲངས་འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཚེ་གཡུས་ནེ་པ་ལ་དང་ཡུལ་ཤུལ་གཉིས་ཀར་དེ་སྔོན་ས་ཡོམ་གྱི་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། ཡུལ་ཤུལ་ཀྲོའུ་སྲིད་གཞུང་དང་མི་དམངས་ཀྱིས་ནེ་པ་ལའི་གེགས་རྗེས་བསྐྱར་སྐྲུན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭའི་རོགས་སྐྲུན་རྣམ་གྲངས་བརྒྱུད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།