འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཟླ་5པའི་ཟླ་མཇུག་ཏུ་རིམ་གཉིས་གཞུང་ལམ་གྱི་འགྲོ་གྲོན་ཕྱོགས་ཡོངས་
    ནས་བསྡུ་མཚམས་འཇོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་འདིའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱིས་མིག་སྔའི་རིམ་པ་གཉིས་པའི་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་ལྷག་མ་7ལ་འགྲོ་གྲོན་བསྡུ་མཚམས་འཇོག་རྒྱུ་ཡིན་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རིམ་གཉིས་གཞུང་ལམ་གྱི་འགྲོ་གྲོན་ཕྱོགས་ཡོངས་ནས་བསྡུ་མཚམས་འཇོག་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
         ད་རེས་འགྲོ་གྲོན་བསྡུ་མཚམས་བཞག་པའི་ས་ཚིགས་7ནི་ཝ་འཇོག་དང་། རྐང་ཚ། ཚ་ཧན་ནོ། གོར་མོའི་ཏུང་ཐའེ། གོར་མོའི་ཐོན་སྒོ་ནུབ་མ། གོར་མོའི་ཐོན་སྒོ་ཤར་མ་སོགས་ཡིན་པ་དང་འགྲོ་གྲོན་བསྡུ་མཚམས་བཞག་པའི་ལམ་ཚད་ལ་སྤྱི་ལེ་1726.87ཟིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ལོ་འདིའི་ནང་རིམ་གཉིས་གཞུང་ལམ་གྱི་འགྲོ་གྲོན་བསྡུ་མཚམས་འཇོག་ཐེངས་གཉིས་པ་དེ་ཡིན་པ་རེད། འདི་ལོའི་ཟླ་1ཚེས་18ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྟ་ནག་ཆུ་དང་། ལབ་རྩེ། ཧོད་ཁ་ལ་བཅས་ས་ཚིགས་གསུམ་གྱི་འགྲོ་གྲོན་བསྡུ་མཚམས་བཞག་པ་དང་སྐྲུན་བཞིན་ཡོད་པའི་ཨ་རིག་གྲོན་བསྡུའི་ས་ཚིགས་སྐྲུན་མཚམས་བཞག་པར་ཁྱོན་ལམ་ཚད་སྤྱི་ལེ་626.41ཟིན་ཡོད། 2013ལོ་ནས་ད་བར་མཚོན་སྔོན་ཞིང་ཆེན་གྱིས་གྲོན་བསྡུའི་ས་ཚིགས་ཁྱོན་15མེད་པ་བཟོས་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་དྲ་རྒྱ་ལེགས་སུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།