འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་
    ཟླ་བ་བདུན་པར་འགོ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་2017ལོའི་ཟླ་7ཚེས་15ཉིན་ནས་ཚེས་29ཉིན་བར་བྱ་རྒྱུ་རེད། སྐབས་དེར་འཛམ་གླིང་གི་གླིང་ཆེན་ལྔ་ནས་ཡོང་བའི་རྐང་འཁོར་རུ་ཁག་22འགྲན་བསྡུར་ནང་ཞུགས་རྒྱུ་དང་ལམ་ཐག་ཁྱོན་སྤྱི་ལེ་3353ཟིན་ཞིང་། དེའི་ནང་འགྲན་བསྡུར་གྱི་ལམ་ཐག་སྤྱི་ལེ་2048ཡོད་པ་དང་ས་ཆ་བརྗེ་བར་ལམ་ཐག་སྤྱི་ལེ་1305ཡོད། འགྲན་བསྡུར་བྱེད་ཡུན་ཉིན་14ཡི་རིང་ཉིན་13འགྲན་བསྡུར་བྱ་རྒྱུ་དང་ཉིན་1ངལ་གསོ་རྒྱག་རྒྱུ་རེད། ད་ཐེངས་འགྲན་བསྡུར་གྱི་འགོ་འཛུགས་ས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དང་མཇུག་འགྲིལ་ས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་རེད། འགྲན་བསྡུར་བྱེད་རིང་བརྒྱུད་པའི་ས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཀྲོའུ། མཚོ་བྱང་ཀྲོའུ་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་ལིན་ཞ་ཀྲོའུ་དང་། ཏིང་ཤི་གྲོང་ཁྱེར། ཐེན་ཧྲུའེ་གྲོང་ཁྱེར། ཕིང་ལེའང་གྲོང་ཁྱེར་བཅས་དང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་དབྱིང་ཁྲོན་གྲོང་ཁྱེར་དང་ཀྲུང་ཝེ་གྲོང་ཁྱེར་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།