འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བའི་དོགས་གཞི་ཡོད་པའི་རི་
    པིན་གྱི་སྤྱི་འབངས་དྲུག་ལ་ཁྲིམས་བཞིན་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུང་ཡིང་གིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོར་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བའི་དོགས་གཞི་ཡོད་པའི་རི་པིན་གྱི་སྤྱི་འབངས་དྲུག་ལ་ཁྲིམས་བཞིན་ཞིབ་བཤེར་བྱས་ཡོད་ཅེས་བརྗོད།
         ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་སྐྱོན་སྐབས་གོང་གསལ་གྱི་གནས་ཚུལ་འདི་གསུངས་པ་ཞིག་ཡིན་པ་རེད།
         གསར་འགོད་པས། གནས་ཚུལ་སྤེལ་བའི་ནང་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པའི་རི་པིན་བ་དྲུག་བཙན་ཉར་བྱས་ཚུལ་བརྗོད་པས། ཁྱེད་ཀྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ན་འགྲིག་གམ། ཁོང་ཚོ་བཙན་ཉར་བྱེད་རྐྱེན་གང་ཡིན་ནམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས། ཤེས་རྟོགས་བྱུང་བར་གཞིགས་ན་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོར་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བའི་དོགས་གཞི་ཡོད་པའི་རི་པིན་གྱི་སྤྱི་འབངས་དྲུག་ལ་ཁྲིམས་བཞིན་ཞིབ་བཤེར་བྱས་པ་མ་ཟད། 《ཀྲུང་གོ་དང་རི་པིན་གྱི་ཁེ་སྐྱོང་གྲོས་མཐུན་》ལ་གཞིགས་ནས་འཕྲལ་མར་ཀྲུང་གོར་བཅའ་སྡོད་རི་པིན་གྱི་འབྲེལ་ཡོད་ཁེ་སྐྱོང་སྒྲིག་གཞིར་བརྡ་ཐོའང་བཏང་ཡོད་ཅེས་བརྗོད།
         གཞན་ཡང་། གསར་འགོད་པས་《ཉིའུ་གཡོད་སྐབས་དོན་ཚགས་པར་》ཐོག་ཉེ་ཆར་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་གསང་སྐྱེལ་བ་མང་པོ་ཀྲུང་གོ་ནས་བཟུང་བའི་གནས་ཚུལ་སྐོར་བཤད་པར་ཧྭ་ཁྲུན་ཡིང་གིས་གཏོང་སྤེལ་བྱས་པའི་གནས་ཚུལ་ཞིབ་ཕྲ་ངས་ཤེས་མ་བྱུང་ཞེས་བརྗོད།
         ཁོང་གིས“ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཀྲུང་གོའི་འབྲེལ་ཡོད་ཁྲིམས་ལུགས་ཀྱིས་དབང་ཆ་སྤྲད་པ་བཞིན་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་རྩ་འཛུགས་དང་། མི་སྒེར། བྱ་སྤྱོད་བཅས་ལ་ཁྲིམས་བཞིན་བརྟག་དཔྱད་དང་ཆད་གཅོད་བྱས་ནས་རང་འགན་གཙང་སྒྲུབ་བྱེད་ངེས་ཡིན་པ་ནི་ངས་ཁྱེད་ལ་བརྗོད་ཆོག་པ་ཞིག་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།