འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ལས་རིགས་ཁག་གིས"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་
    གླེང་སྟེགས་ལ་དོ་ཁུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། "རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད། 《ལག་གདང་སྦྲེལ་ནས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས་》ཞེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་སྤེལ་བ་རེད། ཨ་རིའི་སྨྱན་སྦྱོར་ལས་ཁུངས་དང་འབྲེལ་ཡོད་མི་སྣ་ཚོས་དེ་ལ་དོ་ཁུར་ཆེན་པོ་བྱས་པ་རེད།
         ཨ་རིའི་ནན་ཅ་ཀྲོའུ་ཨ་ཧན་པུའུ་ལ་གྲོང་ཁྱེར་གྱི་འགོ་འཛིན་ཧྲེང་ཧྲི་ཁང་གིས་མི་དམངས་དྲ་བའི་གསར་འགོད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས"རྒྱུད་གཅིག་ལམ་གཅིག"རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་འཚོག་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད་ལུང་འདྲེན་བྱས་པར་ཀྲུང་གོས་ཞི་བདེ་མཉམ་ལས་དང་། སྒོ་འབྱེད་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་སྲོག་ཤིང་བྱེད་པའི་དར་གོས་འགྲུལ་ལམ་གྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཞི་བདེ་དང་། དར་རྒྱས། སྒོ་འབྱེད། གསར་གཏོད། དཔལ་ཡོན་རྒྱས་པ་བཅས་ཀྱི་བགྲོད་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
         《ཧྭར་ཁྲོམ་གཞུང་ཉིན་རེའི་ཚགས་པ་》དང་ཨ་རིའི་སྐུད་ལྡན་བརྙན་འཕྲིན་གསར་འགྱུར་དྲ་བ(CNN)སོགས་སྨྱན་སྦྱོར་ལས་ཁུངས་ཀྱིས་དབུ་འཛིན་ཚོགས་འདུའི་གནས་འཕྲིན་སྤེལ་བ་རེད།
        《ཧྭར་ཁྲོམ་གཞུང་ཉིན་རེའི་ཚགས་པ་》ཡིས་གནས་འཕྲིན་སྤེལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་སྒོ་འབྱེད་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་འཛུགས་རྒྱུའི་རེ་འབོད་བྱས་ནས་ཀྲུང་གོས་ཨེ་ཤེ་ཡ་གླིང་དང་། ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་རྒྱལ་ཁབ་དང་སྔར་ལས་གཏིང་ཟབ་པའི་དཔལ་འབྱོར་མཉམ་ལས་འཛུགས་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         CNNཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གླེང་སྟེགས་འགོ་ཚུགས་མཛད་སྒོའི་ཐོག་གི་སྨོན་ཚིག་གནས་འཕྲིན་སྤེལ་ནས་འཛམ་གླིང་ཡོངས་སུ་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་གིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཀྱི་གྲོས་ཆོད་གལ་ཆེན་ནང་དུའང"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་ནང་དོན་བཀོད་ཡོད་ཅེས་བརྗོད་པ་དང་། གནས་འཕྲིན་སྤེལ་བར་ཀྲུང་གོས་དར་གོས་འགྲུལ་ལམ་ཐེབས་རྩར་མ་དངུལ་ཨ་སྒོར་ཧ་ལམ་དུང་ཕྱུར་145(མི་དམངས་ཤོག་སྒོར་དུང་ཕྱུར1000)གསར་སྣོན་བྱ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་མ་འོངས་པའི་ལོ་3གྱི་ནང"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་ཞུགས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་ཨ་སྒོར་ཧ་ལམ་དུང་ཕྱུར་87(མི་དམངས་ཤོག་སྒོར་དུང་ཕྱུར་600)འདོན་སྤྲོད་བྱ་རྒྱུ་ཡིན་པ་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།