འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཀྱིས་བོད་རིགས་ས་ཁུལ་གྱི་རེས་སྐོར་གསར་པའི"ལས་ཞུགས་ལ་བརྟེན་
    ནས་གནད་སྨིན་རོགས་སྐྱོར་གྱི་བྱ་སྤྱོད"སྤེལ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞིང་པའི་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་བརྒྱ་གཅིག་བོད་རིགས་གྲོང་སྡེར“ལས་ཞུགས་ལ་བརྟེན་ནས་གནད་སྨིན་རོགས་སྐྱོར་གྱི་རོང་བྲག་གི་བྱ་སྤྱོད”སྤེལ་བའི་མཛད་སྒོ་གཉེར་བ་དེ་ཐོག་ནས་རེས་སྐོར་གསར་པའི་ཟླ་བ་3རིང་གི་ལས་ཞུགས་ལ་བརྟེན་ནས་གནད་སྨིན་རོགས་སྐྱོར་གྱི་བྱ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད།
         སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་རོང་བྲག་རྫོང་གི་ཁ་གཏད་རོགས་སྐྱོར་བྱེད་མཁན་ཚན་པ་ཡིན། རྫོང་དེ་གའི་དབུལ་པོ་མང་ཆེ་བའི་སློབ་རྒྱུས་དམའ་བ་དང་། ཉམས་མྱོང་ཞན་པ། ལས་ཞུགས་དཀའ་བ། ཐོན་ལས་འཕེལ་རྒྱས་ཐད་ཤེས་ལྡན་པ་དཀོན་པ། ལས་མི་བསྡུ་དཀའ་བ་བཅས་ཀྱི་གྲུབ་ཆའི་འགལ་བར་གཞིགས་ཏེ་2012ལོ་ནས་བཟུང་ཁྲེང་ཧྭ་ཆུས་ཀྱིས་གནད་སྨིན་ལས་ཞུགས་ལ་བརྟེན་ནས་དབུལ་སྐྱོར་བྱས་པ་མ་ཟད། རིམ་གྱིས“རྩལ་ནུས་གསོ་སྦྱོང་དང་། རྩལ་ནུས་འགྲན་བསྡུར། དགེ་རྒན་གྱིས་དགེ་ཕྲུག་སྐྱོང་བ། ལས་གཏོད་རྗེས་ཀྱི་རྒྱབ་སྐྱོར”བཅས་ཀྱི“གོམ་སྟབས་བཞིའི་གསོ་སྦྱོང་བྱེད་ཐབས”ལེ་ལག་ཚང་བ་ཞིག་ཕྱོགས་སྡོམ་བྱས་ཏེ་ཡུལ་དེ་གའི་མི་4600ལྷག་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
         རོང་བྲག་རྫོང་ཡུལ་སྐོར་བཟའ་བཏུང་ལས་རིགས་ནི“གོམ་སྟབས་བཞིའི་གསོ་སྦྱོང་བྱེད་ཐབས”ཀྱི་ཕན་པ་ཐོབ་མང་ཤོས་ཀྱི་གྲས་སུ་གྱུར་ཡོད། དཀར་མཛེས་ཀྲོའུ་ཡི་ཤར་རྒྱུད་དུ་གནས་པའི་རོང་བྲག་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ནའང་། བཟའ་བཏུང་ལས་རིགས་དར་རྒྱས་བྱུང་མེད་པས་ཡུལ་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཕོག་ཡོད། དེར་བརྟེན་ཁྲེང་ཧྭ་ཆུས་ཀྱིས་ས་གནས་དེ་གའི་སློབ་མར་ཆེད་མངགས་བཟའ་བཏུང་ལས་རིགས་ཀྱི་འབྲེལ་ཡོད་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཁར། ཆུས་ནང་ཁུལ་གྱི་བཟའ་བཏུང་ལས་རིགས་ཀྱི་མ་བྱན་རིམ་པ་དང་པོ་དགེ་རྒན་ལ་གདན་དྲངས་ནས་ཕུལ་བྱུང་སློབ་མ་དང་དགེ་སློབ་ཀྱི་འབྲེལ་བ་བཙུགས་པ་དང་། “གཅིག་ལ་གཅིག་གཏད”ཀྱི་ལག་ལེན་མཛུབ་ཁྲིད་བྱས་ནས་ལྷད་མེད་ཀྱི་ཞིམ་ཟས་དང་དེང་རབས་གཡོས་སྦྱོར་ལག་རྩལ་ཟུང་འབྲེལ་གྱིས་བོད་ཟས་བཟོ་སྟངས་གསར་པ་བསླབས་ཏེ་སློབ་མར་སྔོན་ཐོན་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཡོད།
         ཞིང་འབྲོག་ལས་དང་སྲོལ་རྒྱུན་གྱི་ཐང་ག་འབྲི་བ་སོགས་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་རྩལ་ནུས་བྱང་ཆུབ་པའི“རང་སའི་རིཌ་གཅིག་མཁས་ཅན”དང“ཞིང་འདེབས་ཤེས་ཡོན་ཅན”བདམས་ནས“རྩལ་ནུས་མཁས་པའི་ལས་དོན་ཁང”བཙུགས་པ་དང་། རང་སའི་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་ལག་རྩལ་མཛུབ་ཁྲིད་བྱས་ནས་སློབ་མ་རྣམས་ལ་རྩལ་ནུས་ཁོང་དུ་ཆུད་དུ་བཅུག་པ་རེད།
         སློབ་མས་སྦྱངས་པ་མཐར་ཕྱིན་རྗེས“འོས་སྦྱོར་ལས་ཞུགས”སམ་ཡང་ན“རང་བརྟེན་ལས་གཏོད”བྱེད་ཆོག་གི་ཡོད། ཁྲེང་ཧྭ་ཆུས་ཀྱིས་རོང་བྲག་རྫོང་དང་མཉམ་དུ“མི་གཅིག་གིས་སྣེ་ཁྲིད་པ་དང་མི་མང་རྗེས་སུ་འབྲང་བའི”ཚོགས་སྒྲིག་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏན་ལ་ཕབ་ནས་རོང་བྲག་རྫོང་གིས་ལས་ཀ་བྱེད་ས་མཁོ་སྤྲོད་དང་། ཁྲེང་ཧྭ་ཆུས་ཀྱིས་ཆེད་ལས་གཉེར་སྐྱོང་ཚོགས་པ་ནང་འདྲེན་བྱས་ཏེ“དྲ་ཐོག་ཚོང་དོན་དང་། དེང་རབས་ཟོག་འགྲེམས། ཡུལ་སྐོར་ཚོང་ཟོག་དང་གཉེན་སྟོན། ལས་གཏོད་གསོ་སྦྱོང”སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པའི“གཉིས་གཏོད”སྦྱོང་བརྡར་རྟེན་གཞི་མཉམ་དུ་བསྐྲུན་ནས་ལས་གཏོད་སློབ་མར་རྒྱབ་སྐྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།