འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་རྫོང་གི་ཡུལ་སྐོར་ལས་དོན་ཁང་ཐོག་མ་དེ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གི་ཡུལ་སྐོར་ལས་དོན་ཁང་ཐོག་མ་སྟེ། ཨ་མ་བདེ་སྐྱིད་ཀྱི་ཡུལ་སྐོར་ལས་དོན་ཁང་བཙུགས་པ་རེད།
         དཀར་མཛེས་རྫོང་འདི་ཉིད་དཀར་མཛེས་ཀྲོའུ་བྱང་ལམ་གྱི་དཀྱིལ་དུ་གནས་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་ཅིང་། དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པའི་དམག་དཔུང་མཉམ་འཛོམས་བྱ་ཡུལ་ཡིན་པ་དང“ཀྲུང་གོའི་སྒྲ་སྙན་ཞབས་བྲོའི་ཕ་ཡུལ”ཞེས་སུ་གྲགས།
         དཀར་མཛེས་རྫོང་རིག་གནས་ཡུལ་སྐོར་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་སུན་མིང་ཁྲུན་གྱིས་ཨ་མ་བདེ་སྐྱིད་ཀྱི་ཡུལ་སྐོར་ལས་དོན་ཁང་བཙུགས་པ་དེས་དཀར་མཛེས་རྫོང་དུ་ཡུལ་སྐོར་ལས་དོན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྨང་གཞི་བཏིང་བ་མ་ཟད། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཡུལ་དེ་གའི་གྲོང་མི་ཕྱོགས་ལ་ཐོན་སྐབས་སྟབས་བདེ་ཡོང་རྒྱུར་དངོས་ཡོད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཨ་མ་བདེ་སྐྱིད་ཀྱི་ཡུལ་སྐོར་ལས་དོན་ཁང་ནས་ཡུལ་སྐོར་བར་ཁྲོན་བོད་ལམ་ཐིག་བྱང་མ་དང་། ཁྲོན་བོད་ལམ་ཐིག་ལྷོ་མ། སི་ཁྲོན་ནུབ་རྒྱུད་སྐོར་ལམ་ཆུང་ངུ་། སི་ཁྲོན་ནུབ་རྒྱུད་སྐོར་ལམ་ཆེ་མོ་སོགས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་གང་མང་འོས་སྦྱོར་བྱས་ཏེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། རང་བྱུང་མཛེས་ལྗོངས་བཅས་གང་ལེགས་མངོན་པ་བྱ་རྒྱུ་མ་ཟད། སྔོན་མངགས་ཡུལ་སྐོར་འཆར་གཞིའང་འདོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།