འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིད་རྟོན་འཛད་སྤྱོད་རིམ་བཞིན་ཁྱབ་གདལ་བྱུང་བ་ལོ་རབས་90ནང་སྐྱེས་པའི་མི་བཞིའི་
    ཁྲོད་ནས་གཅིག་གིས་ཧྭ་པེའི་ཐོག་འཛད་སྤྱོད་བྱེད་ཀྱི་ཡོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བར་སྔར་ནས་གོམས་གཤིས་ཤིག་ཡོད་པ་སྟེ། སྔོན་ལ་དངུལ་གསོག་པ་དང་རྗེས་སུ་འཛད་སྤྱོད་བྱེད་པ་དེ་ཡིན། ད་ཆའི་ལོ་ན་མཐོ་ཙམ་གྱི་མི་མང་པོས་གཞོན་ནུའི“ཡིད་རྟོན་འཛད་སྤྱོད”བྱེད་སྟངས་ལ་སྔར་བཞིན་བསམ་ཤེས་ཐུབ་ཀྱི་མེད། ཀྲུང་གོའི་གཞོན་ནུའི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། ཡིད་རྟོན་གཱ་སྤྱོད་པ་དང་དུས་བཀག་དངུལ་སྤྲོད་སོགས་འཛད་སྤྱོད་བྱེད་སྟངས་ཐོན་རྗེས་དྲ་ཐོག་ཚོང་པ་མང་པོས་རང་ངོས་ཀྱི་ཡིད་རྟོན་འཛད་སྤྱོད་བྱེད་སྟངས་བཏོན་ཡོད། འཛད་སྤྱོད་པའི་འཛད་སྤྱོད་བྱེད་སྟངས་དང་། འཛད་སྤྱོད་བྱེད་ཚད། འཛད་སྤྱོད་ནུས་པ་སོགས་ལ་གཞིགས་ཏེ་འཛད་སྤྱོད་ཀྱི་མ་དངུལ་ངེས་ཅན་ཞིག་བཏང་ནས་འཛད་སྤྱོད་བྱེད་སྟངས་དེ་ཡིད་རྟོན་གཱ་ཡི་རྣམ་པའི་ཐོག་ནས་ཚང་མ་སྔོན་ལ་འཛད་སྤྱོད་བྱེད་པ་དང་རྗེས་སུ་དངུལ་སྤྲོད་ཀྱི་ཡོད།
         བུད་མེད་ཝང་ལགས་ནི་ལོ་རབས་90པའི་ནང་སྐྱེས་པ་དང་། ལས་ཁུངས་ནས་དགོངས་པ་ཞུས་རྗེས་རང་ཉིད་ཀྱི་ལས་གཏོད་ལམ་བུའི་ཐོག་བསྐྱོད་ཡོད། “ང་གཞན་དང་མི་འདྲ་བའི་ལས་ཀ་སྒྲུབ་འདོད་ཡོད། བོད་དང་འབྲེལ་བ་ཡོད་པའི་ལག་ཤེས་བཟོ་རྩལ་གསར་རྩོམ་བྱེད་འདོད་ཡོད”འོན་ཀྱང་ལས་དགོངས་ཞུས་རྗེས་ཡོང་འབབ་མེད་པ་དང་ལས་གཏོད་བྱེད་པར་མ་དངུལ་མི་ཉུང་བ་ཞིག་གཏོང་དགོས་པས། མི་རིང་བར་དངུལ་ཁུག་སྟོང་པར་གྱུར་ཡོད། ཡོང་འབབ་མེད་པའི་གནས་ཚུལ་འོག་ཁོང་གི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཀྱི་རྒྱུ་ཆ་ཚང་མ་དང་རྒྱུན་གཏན་གྱི་འགྲོ་གྲོན་ཚང་མ་ཧྭ་པེ་ནས་གཏོང་གི་ཡོད། “ད་ཆ་དངུལ་ཁ་ཐང་ཡང་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཐའོ་པའོ་ཚོང་ཁང་དངོས་སུ་བཙུགས་རྗེས་གནས་ཚུལ་ཇེ་ལེགས་སུ་འགྲོ་སྲིད”ཅེས་བུད་མེད་ཝང་ལགས་ཀྱིས་བརྗོད།
         མ་གཞི་བྱས་ན། ཧྭ་པེའི་འཛད་སྤྱོད་པའི་ཁྲོད་བུད་མེད་ཝང་ལགས་དང་འདྲ་བར“སྔོན་ལ་འཛད་སྤྱོད”བྱེད་མཁན་ལོ་རབས་90ནང་སྐྱེས་པའི་འཛད་སྤྱོད་པས་47.25%བཟུང་ཡོད། ཧྭ་པེའི་གྲངས་གཞི་ལས་མངོན་པར། ཀྲུང་གོར་ལོ་རབས་90ནང་སྐྱེས་པའི་མི་གྲངས་དུང་ཕྱུར་1.7ཡོད་པའི་ཁྲོད་ནས་མི་ཁྲི་4500ལྷག་ཙམ་བ་ཧྭ་པེའི་ནང་ཞུགས་པ་དེ་ལོ་རབས་90ནང་སྐྱེས་པའི་ཆ་སྙོམས་མི་བཞི་ཡི་ཁྲོད་ནས་གཅིག་གིས་ཧྭ་པེའི་ཐོག་ཡིད་རྟོན་འཛད་སྤྱོད་བྱེད་བཞིན་ཡོད། འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་དེ་འདྲ་ཕྱིན་པ་གཞོན་ནུའི་མི་ཚོགས་ཁྲོད་ནས་མངོན་གྱི་ཡོད། ལོ་རབས་90ནང་སྐྱེས་པའི་མི་40%ཙམ་གྱིས་ཧྭ་པེ་ནི་གཏོང་སྤྲོད་འབོའི་གཏོང་སྤྲོད་བྱེད་སྟངས་ཨང་དང་པོར་བརྩི་གི་ཡོད་པ་དང་1985ལོའི་གོང་སྐྱེས་པ་ལས་བརྒྱ་ཆའི་གྲངས་11.9གིས་མཐོ་བ་ཡོད།
         རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་31དང་། དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ཁྲོད། ཧྲང་ཧའེ་དང་། པེ་ཅིང་། ཀྲེ་ཅང་། བོད་ལྗོངས། ཅང་སུའུ། ཧའེ་ནན། ཐེན་ཅིན། ཧྥུའུ་ཅན། ལེའོ་ཉིང་། ཧུའུ་པེ་བཅས་ས་ཁུལ་གྱི་གཞོན་ནུས་ཧྭ་པེའི་ཐོག་ཟླ་རེར་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་མདུན་གྲལ་གྱི་ཨང་བཅུ་པར་སླེབས་ཀྱི་ཡོད་པ་དེའི་ཁྲོད་བོད་ཀྱི་གཞོན་ནུའི་འཛད་སྤྱོད་བྱེད་ཚད་མཐོ་པོ་ཡོད་པས་ཧྭ་པེའི་ཐོག་འཛད་སྤྱོད་བྱེད་མཁན་རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་ཧྲང་ཧའེ་དང་། པེ་ཅིང་། ཀྲེ་ཅང་བཅས་ཕུད་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཀྱི་ཡོད། ཉེ་དུས་ཟླ་གཅིག་གི་ཧྭ་པེའི་འཛད་སྤྱོད་གྲངས་གཞིར་ཆ་མཚོན་ན། བོད་ཀྱི་གཞོན་ནུ་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་སྒོར་963ཙམ་ཟིན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།