འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཚོགས་མཆོད་སྐབས་མི་མང་པོ་ལྟ་བར་འོངས་ནས་དགའ་བདེར་རོལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབྱར་ཟླ་ར་བ་འཆར་བས། མཚོ་སྔོན་གྱི་ཤར་རྒྱུད་སྐྱ་ཐེར་ས་ཁུལ་གྱི་ཕྱི་བྱ་སྟག་འཚེར་དུ་སྔོ་ཐིང་ཐིང་ཆགས་པ་དང་ནེའུ་གསིང་སྟེང་ཆུ་ཕྲན་ལྷུང་ལྷུང་དུ་རྒྱུ་བ་དང་། ཚོགས་མཆོད་ཐོག་སྐྱེ་བོ་ཚོས་སྦི་རག་དང་། ཤ་སྐམ་པོ། ཤིང་འབྲས་སོགས་ཁྱེར་ཡོང་ཞིང་། ལ་ལས་གྲོང་ཚོའི་ལམ་གཡས་གཡོན་གྱི་གླིང་ཁ་དང་སྤང་ཁར་ཅི་འཕྲོས་མོལ་འཕྲོས་ངང་སྡོད་པ་དང་། རེ་འགའ་རྩེད་འཇོར་རོལ་བ་མ་ཟད། སྐབས་རེ་ལ་གཞས་ཀྱང་གཏོང་བ་མཐོང་བྱུང་།
          མཚོ་ཤར་གྲོང་ཁྱེར་སན་ཧོ་གྲོང་རྡལ་གྱི་ཀྲུང་ཅ་དང་། ཤིན་ཨན། ཝན་ཙེ། སི་ཐའེ་བཅས་གྲོང་ཚོ་བཞིར་སྤྱི་ཐོག་གི་ཀླུ་ཁང་ཞིག་ཡོད་པ་དེར་ལུགས་རྙིང་ལོའི་ཟླ་4ཚེས་13ཉིན་མོར་ལོ་གཅིག་དུས་གཅིག་གི་ཚོགས་མཆོད་འཚོག་གི་ཡོད། དེའང་ལུགས་རྙིང་ལོའི་ཟླ་4ཚེས་11ཉིན་གྱི་ཕྱི་དྲོ་ནས་འགོ་བཙུགས་ཏེ་ཀྲུང་ཅ་གྲོང་ཚོའི་ཁྲང་ཞིའི་གར་སྟེགས་ཐོག་ཆིང་ཆང་ཁྲང་ཞི་འཁྲབ་པ་དང་ལ་གཞས་གཏོང་གི་ཡོད། དེ་དུས་གར་སྟེགས་ཀྱི་སྒང་དང་འོག་ཚང་མར་འཁྲུག་ཆ་ཧ་ཅང་ཆེ་བར་གྱུར་ནས་མི་རྣམས་ཟླ་4ཚེས་14ཉིན་གྱི་དགོང་མོ་བར་སྡོད་ཀྱི་ཡོད་པ་རེད།
         སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་ཞིག་ཡིན་པའི་ཚོགས་མཆོད་ལ་ཚོང་འདུས་ཀྱང་འཚོག་གི་ཡོད་ཅིང་། དེའི་བྱུང་འཕེལ་ཇི་ལྟར་སོང་ཚུལ་ནི་དགོན་སྡེའི་ཆོས་ལུགས་བྱེད་སྒོ་དང་འབྲེལ་བ་ཟབ་མོ་ཡོད། སྤྱིར་ལྷ་ཁང་ནང་དང་དེའི་ཉེ་འཁོར་དུ་ཚོགས་མཆོད་འཚོགས་ནས་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་པ་དང་རོལ་རྩེད་སོགས་ཀྱི་བྱེད་སྒོའང་སྤེལ་གྱི་ཡོད།
         “ང་ཧ་གཉིད་སད་པ་ནས་བཟུང་། ལོ་ལྟར་གྱི་ཟླ་4ཚེས་13ཉིན་ཚོགས་མཆོད་འཚོག་པ་དྲན་གྱི་འདུག”ཅེས་ཀྲུང་ཅ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཆི་ཝུའེ་ཆོན་གྱིས་དེ་ལྟར་བཤད་ལ། ཁོང་གིས་ཉིན་དེར་དཔྱིད་གསར་དུས་ཆེན་གཏོང་བ་དང་ཨ་ན་མ་ན་ཡིན། ཉེ་འཁོར་གྱི་ཕྱོགས་བཞི་དང་ཐ་ན་ཕྱི་ནས་མི་མང་པོ་ཀླུ་ཁང་དུ་འཛོམས་ཏེ་ཕྱག་མཆོད་བྱས་ནས་ནད་མེད་ཚེ་རིང་དང་། ཞི་བདེ་ལྷིང་འཇགས། ཆར་ཆུ་དུས་སུ་འབབ་པ་བཅས་ཡོང་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། འོན་ཀྱང་རོལ་རྩེད་དང་སོས་དལ་བབ་ཕེབས་ཡོང་བ་བྱ་རྒྱུ་ནི་ལྟ་ཅི་སྨོས་ཞེས་བརྗོད།
         ཞོགས་པ་སྔ་པོར་ཆིང་ཆང་ཁྲང་ཞི་ཉན་ཆེད། ཀྲུང་ཅ་གྲོང་ཚོའི་ཡུལ་མི་ཧྲི་མེས་ལོ་75ལ་སླེབས་པའི་རང་ཉིད་ཀྱི་ཨ་མ་རྒན་མོ་བསྐྱོར་ནས་ཁྱིམ་ནས་ཁྲང་ཞིའི་སྟེགས་བུའི་མདུན་འོངས། “ཉིན་གཉིས་རིང་ཞིང་ལས་ཚར་ཙམ་བྱུང་སོང་། ད་དུང་ཉིན་གཉིས་ནས་རྩྭ་ངན་འཐུ་བར་འགྲོ་དགོས་མོད། འོན་ཀྱང་དེ་རིང་ཚོགས་མཆོད་ལ་ལྟ་བར་འགྲོ་རྒྱུ་ནི་གོ་སྐབས་དཀོན་པོ་ཡིན་པས་ངས་མར་རོགས་པ་བྱས་ནས་ཁྲང་ཞི་ལྟ་བར་ཡོང་བ་ཡིན”ཞེས་ཧྲི་མེས་དེ་ལྟར་བཤད་ཅིང་། ཁོང་གིས་ངའི་མ་ཁྲང་ཞི་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། དུས་རྒྱུན་ཁྲང་ཞི་བལྟ་རྒྱུ་དཀོན་པས། ད་རེས་མར་བློ་ཡིད་ཚིམ་པོ་ཞིག་ལྟ་རུ་འཇུག་རྒྱུ་ཡིན་ཞེས་བཤད།
         ཁྲང་ཞིའི་སྟེགས་བུའི་མདུན་མི་བརྒྱ་ཕྲག་མང་པོ་འདུས་པ་དང་ཁོང་ཚོ་ཕལ་ཆེ་བ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལ་གཞས་ཉན་པར་ཡོང་ཡོད། དེའི་འགྱུར་ཁུག་སྙན་འཇེབས་ལྡན་པས་ངག་ཏུ་བླངས་མ་ཐག་འོག་གི་མི་ཚང་མ་དགའ་བས་མྱོས་ཤིང་། རྒྱབ་ཏུ་སྡོད་མཁན་ཚོས་གང་དེའི་གདངས་ཐོས་མ་ཐག་རང་དབང་མེད་པར་ལངས་ནས་ལྟ་བ་དང་ན་གཞོན་རེ་འགས་ལག་ཐོགས་ཁ་པར་གྱིས་པར་རྒྱག་པ་དང་པར་ལེན་ཡང་བྱེད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།