འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཟླ་5ཚེས་10ཉིན་དེ"ཀྲུང་གོའི་སྤུས་རྟགས་ཉིན་མོར"གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་2017ལོ་ནས་བཟུང་ལོ་ལྟར་གྱི་ཟླ་5ཚེས་10ཉིན་དེ“ཀྲུང་གོའི་སྤུས་རྟགས་ཉིན་མོར”གཏན་འཁེལ་བྱས་པ་རེད། འདི་ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བརྗོད་དོན་གཙོ་བོ་ནི“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རང་བརྟེན་སྤུས་རྟགས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་འགོ་ཕྱོགས་ཡོངས་ནས་འཛུགས་པ”ཞེས་པ་དེ་རེད།
           སྤུས་རྟགས་ནི་ཐོན་སྐྱེད་པ་དང་འཛད་སྤྱོད་པའི་ཐུན་མོང་གི་འབད་བརྩོན་བྱེད་ཕྱོགས་དང་། མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་ཕྱོགས་རིམ་སྤོར་གྱི་ཁ་ཕྱོགས། ཁེ་ལས་དང་ཐ་ན་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པའི་མཚོན་ཚུལ་གལ་ཆེན་བཅས་རེད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེན་པོ་ཡོད། དུས་བབ་གསར་པར་ཁ་གཏད་གཅོག་ཆེད་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མཐུན་པ་དང་། ཁོང་དུ་ཆུད་པ། སྣེ་ཁྲིད་བཅས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། འཛད་སྤྱོད་གྲུབ་ཆ་རྒྱུན་ཆད་མེད་པར་རིམ་སྤོར་འགྱུར་ལྡོག་འགྲོ་བ་དང་རང་འགུལ་ངང་འཚམ་པ་བྱེད་པ་བཅས་བྱ་དགོས་ན་ངེས་པར་དུ་རང་བརྟེན་སྤུས་རྟགས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་རྟགས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས།
          རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཐོན་ལས་མཐུན་སྦྱོར་སིའི་སྐོར་ཞིབ་པ་ཝང་ཏུང་གིས་ཚེས་9ཉིན་འཚོགས་པའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་སྨྱན་སྦྱོར་བརྡ་སྦྱོར་ཚོགས་འདུའི་ཐོག“ཀྲུང་གོའི་སྤུས་རྟགས་ཉིན་མོ”གཏན་འཁེལ་བྱས་པ་ནི་གཅིག་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་ཡོང་བ་དང་། རང་བརྟེན་སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སྤེལ། རང་བརྟེན་སྤུས་རྟགས་སྐྱེད་སྲིང་དང་འཕེལ་རྒྱས། རང་བརྟེན་སྤུས་རྟགས་ཀྱི་ཐོན་ཟོག་འཛད་སྤྱོད། རང་བརྟེན་སྤུས་རྟགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཁོ་སྤྲོད་ཀྱི་གྲུབ་ཆ་དང་དགོས་མཁོའི་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཕན་པ་དང་། གཉིས་ནས་རང་བརྟེན་སྤུས་རྟགས་དྲིལ་བསྒྲགས་བྱེད་པའི་སྣང་ཚུལ་ཡག་པོ་གཏོད་རྒྱུ་དང་། རང་བརྟེན་སྤུས་རྟགས་ཀྱི་ཤེས་བྱ་ཁྱབ་གདལ་དང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། རང་བརྟེན་སྤུས་རྟགས་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་རྒྱུ། རང་བརྟེན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་པའི་རང་བརྟེན་སྤུས་རྟགས་ཀྱི་བརྩེ་བ་འཕེལ་བར་བྱ་རྒྱུ། རང་བརྟེན་སྤུས་རྟགས་ཐོན་ཟོག་འཛད་སྤྱོད་ཀྱི་ཡིད་ཆེས་བརྟན་དུ་གཏོང་རྒྱུ་བཅས་ལ་ཕན་པ། གསུམ་ནས་རང་བརྟེན་སྤུས་རྟགས་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་རྒྱུ་དང་། རང་བརྟེན་སྤུས་རྟགས་ཀྱི་གྲུབ་འབྲས་བཤམས་སྟོན། གྲགས་ཆེའི་རང་བརྟེན་སྤུས་རྟགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཉམ་སྤྱོད། རང་བརྟེན་སྤུས་རྟགས་ཀྱི་རིག་གནས་ནང་དོན་བརྒྱུད་སྤེལ། ཀྲུང་གོའི་རང་བརྟེན་སྤུས་རྟགས་ཀྱི་གཟུགས་བརྙན་བཟང་པོ་འཛུགས་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།