འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཅ་ཡུས་ཀོན་གྲོང་ཁྱེར་གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་ཕྱི་དྲོ་ཅ་ཡུས་ཀོན་(ཟི་ལིང)གྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། ཟི་ལིང་གྲོང་ཁྱེར་དང་ཅ་ཡུས་ཀོན་གྲོང་ཁྱེར་གྱི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་དང་དེ་བཞིན་གཙོ་གནད་ཡུལ་སྐོར་ལས་དོན་ཁང་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། གསར་འགྱུར་སྨྱན་སྦྱོར་གྱི་འཐུས་མི་བཅས་མི་བརྒྱ་ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་ཡོད་པ་རེད།
           རྒྱལ་ཁབ་ཀྱི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས་ཅ་ཡུས་ཀོན་དང་ཟ་ལིང་གྲོང་ཁྱེར་གཉིས་ཀྱི་ས་ཁོངས་ཡུལ་སྐོར་མཉམ་ལས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་བཞིན་ཡོད་པས། གོ་སྐབས་དེ་དམ་པོར་བཟུང་ནས་ཅ་ཡུས་ཀོན་གྲོང་ཁྱེར་གྱིས་ཟི་ལིང་གྲོང་ཁྱེར་དུ་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་ཏེ་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དེ་བས་མཐོ་ལ་རྒྱ་ཆེ་བའི་ས་ཁོངས་ཡུལ་སྐོར་མཉམ་ལས་ཀྱི་ལས་སྟེགས་འཛུགས་པ། དངོས་སྒྲུབ་རང་བཞིན་གྱི་ས་ཁོངས་རོགས་ལས་ཏན་ཏིག་སྤེལ་བ་བཅས་བྱས་ནས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་གྲོང་ཁྱེར་གཉིས་པོའི་ཡུལ་སྐོར་ལས་རིགས་མཉམ་དུ་མཐུན་སྤྱོར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།
          འོས་སྦྱོར་ཚོགས་འདུའི་ཐོག་ཅ་ཡུས་ཀོན་གྲོང་ཁྱེར་གྱིས་ཐུན་མིན་གྱི་འགྲིམ་འགྲུལ་གནས་བབ་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཆ་ལག་ཚང་ལ་ཁྱོན་ཡོངས་ནས་འོས་སྦྱོར་བྱས་པ་མ་ཟད། ཚོགས་ཞུགས་ཡུལ་སྐོར་ལས་དོན་ཁང་ལ“ཚོགས་སྒྲིག་བྱས་ནས་ཅ་ཡུས་ཀོན་དུ་ཡོང་རྒྱུའི”བྱ་དགའི་སྲིད་ཇུས་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
          བྱེད་སྒོར་ཞུགས་མཁན་ཡུལ་སྐོར་ལས་དོན་ཁང་མང་པོ་ཞིག་གིས་གྲོང་ཁྱེར་གཉིས་པོས་བཏོན་པའི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཅ་ཡུས་ཀོན་དང་ཟི་ལིང་གི་ཡུལ་སྐོར་ཐོན་ལས་གསར་སྤེལ་ཡག་པོ་དང་ཡུལ་སྐོར་བ་ལྟ་སྐོར་བྱ་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཅ་ཡུས་ཀོན་དང་ཟི་ལིང་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།