འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དངུལ་རྩའི་མ་དཔེ"རྒྱུད་གཅིག་ལམ་གཅིག"དུ་ཁྱབ་གདལ་དང་འདྲ་བཟོ་བྱེད་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་རྒྱལ་ཁབ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གིས་ཡོངས་བསྒྲགས་བྱས་པའི་རང་རྒྱལ་གྱི་《“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་དངུལ་རྩའི་རྒྱབ་སྐྱོར་》ཞེས་པའི་སྙན་སྒྲོན་ཐོག་མ་དེའི་ནང་། འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་འགའ་ཞིག“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་མིག་དཔེ་སྟོན་ཆོག་པ་དེའི་ནང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་མ་དཔེ་དང་། དབྱི་ཝུའི་ཚོང་ཟོག་ཆུང་ཙག་མཚོན་བྱེད་དུ་བྱས་པའི་ལས་སྟེགས་ཉོ་ཚོང་མ་དཔེ། སྒུལ་བདེའི་གཏོང་སྤྲོད་དང་དངུལ་རྩའི་ཞབས་ཞུའི་མ་དཔེ། དེ་བཞིན་དཔལ་འབྱོར་གསར་སྤེལ་ཁུལ་དང་། རང་མོས་ཉོ་ཚོང་ཁུལ། དཔལ་འབྱོར་དམིགས་བསལ་ཁུལ་སོགས་མཚོན་བྱེད་དུ་བྱས་པའི་ས་ཁུལ་འགའ་ཤས་སུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་རིམ་བཞིན་ཁྱབ་གདལ་གཏོང་བའི་མ་དཔེ་བཅས་ཚུད་ཡོད་ལུགས་བསྟན་ཡོད་པ་རེད།
          སྒུལ་བདེའི་གཏོང་སྤྲོད་དཔེར་དྲངས་ནས་《སྙན་སྒྲོན་》ནང་བསྟན་དོན། རྒྱ་གར་དང་། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ། ཨ་ཧྥེ་རི་ཁ་སོགས་ལམ་རྒྱུད་ཀྱི་ས་ཁུལ་དུ་མི་མང་པོ་ཞིག་ལ་དངུལ་ཁང་གི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་མེད། དེའི་རྒྱུ་མཚན་ནི་དངུལ་ཁང་གི་དྲ་ཚིགས་ཉུང་བའི་ཁར་དངུལ་ཁང་གི་འགྲོ་ལུགས་གཉེར་ཁག་པོ་ཡོད་པས་རེད། དཔེར་ན། རྒྱུ་ནོར་གྱི་གཞི་ཁྱོན་དང་། དངོས་གཞིའི་ལས་ཀ ཟླ་རེའི་ཡོང་འབབ་སོགས་ཀྱི་ཆ་རྐྱེན་དེ་དག་འཛོམས་ན་ཡིད་རྟོན་གཱ་དང་། སྔོན་ལ་དངུལ་བཅོལ་བ་དང་རྗེས་སུ་འཛད་སྤྱོད་བྱེད་པའི་གཱ། རྩིས་ཁྲ་བཟོ་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། འཛམ་གླིང་དངུལ་ཁང་གི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། མིག་སྔར་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་གྲངས་དུང་ཕྱུར་20ཙམ་ལ་དངུལ་ཁང་གི་རྩིས་ཐོ་མེད་པ་དང་། མི་10%ཙམ་ལ་མ་གཏོགས་ཡིད་རྟོན་གཱ་མེད་པ། དངུལ་བུན་མཁོ་མཁན་ཁྲོད་ཀྱི་21%ལ་མ་གཏོགས་ཚད་ལྡན་གྱི་དངུལ་རྩའི་སྒྲིག་གཞི་བརྒྱུད་མ་དངུལ་མཉམ་འདྲེས་ཐུབ་ཀྱི་མེད། དེར་བརྟེན་རྒྱལ་ཁབ་དེ་དག་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས།
          《སྙན་སྒྲོན་》ནང་བསྟན་དོན། རང་རྒྱལ་གྱི་གྲངས་འཛིན་ཀུན་ཕན་དངུལ་རྩའི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་མ་ཟད། རྒྱུ་ནོར་གྱི་མིག་དཔེ་དང་འདྲ་བཟོ་བྱེད་ཆོག་པའི་མ་དཔེ་ཞིག་ཀྱང་ཆགས་ཡོད། དེ་དང་ཆབས་ཅིག་དྲ་སྦྲེལ་ཁེ་ལས་ཀྱིས་ཀྱང་སྟོབས་ཤུགས་ཆེན་པོ་དང་མཁོ་སྤྲོད་དང་ཕྱིར་གཏོང་བྱེད་ཆོག་པའི་ལག་རྩལ་གྱི་ནུས་པ་གསོག་འཇོག་བྱས་ཡོད། ལག་རྩལ་དང་ནུས་པ་དེ་དག་ལ་བརྟེན་ནས་རང་རྒྱལ་གྱི་གྲངས་འཛིན་ཀུན་ཕན་དངུལ་རྩའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཁྲོད་ཁྱབ་གདལ་བཏང་སྟེ། ས་ཁུལ་དེ་དག་གི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་དང་དམངས་འཚོའི་ཕན་བདེ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་དེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དྲ་སྦྲེལ་དུས་རབས་ཀྱི་མཐོང་རྒྱ་དང་ནང་དོན་གསར་རྐྱང་ཞིག་ལྡན་རྒྱུ་རེད། ཀུན་ཕན་དངུལ་རྩས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་ཐབས་ལམ་གྲས་སུ་ལག་རྩལ་དང་ཐོན་རྫས་ཀྱི་ནུས་པ་ཕྱིར་གཏོང་བྱེད་རྒྱུ་དང་གཅིག ཚོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་དུ་སྤྱོད་རྒྱུ་དང་གཉིས། ཤེས་ལྡན་མི་སྣ་ཕྱིར་གཏོང་དང་གསོ་སྐྱོང་བྱ་རྒྱུ་དང་གསུམ། མ་དངུལ་གཏོང་རྒྱུ་དང་བཞི་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།