འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་རྫས་འགྱུར་བཤེར་གཟུགས་དོས་སྒམ་ལས་བཤེར་ཁུ་འཛག་ནས་མི་487ལ་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། རྒྱ་གར་གྱི་རྒྱལ་ས་ཏི་ལེ་གསར་པ་གྲོང་ཁྱེར་གྱི་ཤར་ལྷོ་རྒྱུད་ཀྱི་ས་ཁུལ་ཞིག་ཏུ་རྫས་འགྱུར་གཤེར་གཟུགས་ཀྱི་དོས་སྒམ་ཞིག་ལས་བཤར་ཁུ་འཛག་པས། ཉུང་མཐར་ཡང་མི་487ལ་སྐྱོན་ཕོག་ཅིང་། དེའི་ནང་སློབ་མ་200ལྷག་ཙམ་དོན་དག་དེའི་དབང་གིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད།
          གནས་འཕྲིན་དུ་བརྗོད་པ་ལྟར་ན། དོན་རྐྱེན་བྱུང་ཡུལ་ནི་སློབ་གྲྭ་ཞིག་གི་ཉེ་འཁོར་གྱི་མཛོད་ཁང་ཞིག་ཏུ་ཡིན་པ་དང་། དེ་དུས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། ད་ལྟ་སློབ་གྲྭ་གཉིས་ལ་དོན་དག་དེའི་ཤུགས་རྐྱེན་ཐེབས་ནས་སྒོ་བརྒྱབ་ཡོད་ཅིང་། སྐྱོན་ཕོག་པའི་སློབ་མ་ཚོ་ཉེ་འཁོར་གྱི་སྨན་ཁང་བཞི་རུ་བསྐྱལ་བ་དང་། ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།
         དོན་རྐྱེན་བྱུང་རྗེས། རྒྱ་གར་རྒྱལ་ཁབ་ཀྱི་གནོད་འགོག་འཕྲལ་བསྟུན་དམག་དཔུང་འཕྲལ་མར་དོན་རྐྱེན་བྱུང་ཡུལ་དུ་ཡོང་ནས་ས་ཁུལ་དེ་ཉིད་བཀག་སྡོམ་བྱས་པ་མ་ཟད། བྱེད་ཐབས་སྤེལ་ནས་རྫས་འགྱུར་དངོས་པོ་འཛག་པའི་གནོད་སྐྱོན་ཆུང་དུ་བཏང་བ་རེད། ས་གནས་དེ་གའི་མེ་གསོད་མེ་འགོག་ཅུས་ཀྱི་དཔོན་པོ་ཞིག་གིས་འཛག་དངོས་ནི་འབུ་གསོད་སྨན་བཟོའི་རྫས་འགྱུར་རིགས་ཤིག་རེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།