འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།《དར་གོས་ལམ་བུའི་མཁས་དབང་གི་གྲགས་རྩོམ་དཔེ་ཚོགས་》པར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན་《དར་གོས་ལམ་བུའི་མཁས་དབང་གི་གྲགས་རྩོམ་དཔེ་ཚོགས་》པེ་ཅིང་དུ་པར་ཕུད་བརྒྱབ་པ་དང་། དཔེ་ཚོགས་དེ་ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིའི་ཧྭ་ཝུན་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་རྩོམ་རིག་མཁས་དབང་གྲགས་ཅན་14ཡི་ལྷུག་རྩོམ་རྩེ་གྲ་བསྡུ་རུབ་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། "རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་བྱ་ཆེད། ཧྭ་ཝུན་དཔེ་སྐྲུན་ཁང་གིས"དར་གོས་ལམ་བུའི་རིག་གནས་དཔེ་སྐྲུན་ལྟེ་གནས”ཆེད་མངགས་བཙུགས་ཏེ་གཅིག་མཇུག་གཉིས་མཐུད་ངང་《དར་གོས་ལམ་བུའི་དཔེ་ཚོགས་》ཀྱི་དཔེ་དེབ་རིགས་20ཙམ་པར་སྐྲུན་བྱས་ཡོད། ད་ཐེངས་པར་སྐྲུན་བྱས་པའི་《དར་གོས་ལམ་བུའི་མཁས་དབང་གི་གྲགས་རྩོམ་དཔེ་ཚོགས་》དེ་ལྷུག་རྩོམ་གྱི་རྣམ་པའི་ཐོག་ནས་རྩོམ་པ་པོ་སོ་སོའི་ཁྱད་ཆོས་ལྡན་པའི་ལྟ་ཞིབ་དང་པིར་རྩལ་བརྒྱུད་རང་རྒྱལ་གྱི་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པ་མ་ཟད། འཛམ་གླིང་ལ་ཀྲུང་གོའི“རིག་གནས་མིང་བྱང”ཡང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         "དར་གོས་ལམ་བུའི་རིག་གནས་བྱ་སྤྱོད"ཀྱི་བྱེད་སྒོ་ཆེ་གྲས་དེ་ཉིན་སྤེལ་འགོ་ཚུགས་ཡོད། བྱེད་སྒོ་དེ་མི་དམངས་ཉེན་རེའི་ཚགས་པར་ཁང་དང་ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིས་མཛུབ་ཁྲིད་བྱས་པ་དང་། 《རྒྱལ་ཁབ་ཀྱི་རིག་གནས་དང་ལོ་རྒྱུས་》དུས་དེབ་ཁང་དང་ཧྭ་ཝུན་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་སྤེལ་རིང་དཔེ་ཚོགས་ཀྱི་དཀར་ཆག་ལྟར་ས་ཁུལ་ཁག་ཏུ་བསྐྱོད་དེ་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དྲིལ་བསྒྲགས་བྱེད་པ་དང་བྱེད་སྒོ་ཐོག་མ་ཟླ་5པར་ཧྲའན་ཤིས་སུ་སྤེལ་འགོ་ཚུགས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།