འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་ཐོན་ཁུངས་མཉམ་དུ་སྤྱོད། ཀྲུང་གོའི་དབྱི་ཝུའུ་ཡི་ནང་འདྲེན་ཚོང་ཟོག་
    འགྲེམས་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན་དབྱི་ཝུའུ་ཡི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་དུས་ཡུན་ཉིན་4ཡི་2017ལོའི་ཀྲུང་གོའི་དབྱི་ཝུའུ་ཡི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་དངོས་སུ་འགོ་ཚུགས་པ་རེད། ད་ཐེངས་འགྲེམས་ཚོགས་ཀྱིས"སྒོ་དབྱེ་གསར་གཏོད་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་མཉམ་དུ་སྤྱོད"ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་སྤྱིའི་ཚད་གཞིའི་འགྲེམས་གནས་ཁྱོན་བསྡོམས་2006བཙུགས་པ་དང་འཇར་མན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་ཁེ་ལས་(རྩ་འཛུགས་)1512འགྲེམས་ཚོགས་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། ད་ཐེངས་འགྲེམས་ཚོགས་ཀྱི་གཞི་ཁྱོན་དང་རིམ་པ་ནི་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་འགྲེམས་ཚོགས་ནང་གི་ཆེ་ཤོས་དང་མཐོ་ཤོས་གྲས་ཡིན།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དབྱི་ཝུའུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ནང་འདྲེན་ཁྲོམ་ར་སྐྱེད་སྲིང་དང་ནང་འདྲེན་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་དེ"འཐབ་ཇུས་ཆེན་པོ་གསུམ"གྱི་གྲས་སུ་བརྩིས་ནས་མུ་མཐུད་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཏེ"རྒྱུད་གཅིག་ལམ་གཅིག"གི་འཐབ་ཇུས་ལྟེ་གནས་གྲོང་ཁྱེར་མགྱོགས་མྱུར་བཏོད་པ་དང་དབྱི་ཝུའུ་ནང་འདྲེན་ཚོང་དོན་གྱི་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་ཕྱི་རྒྱལ་གྱི་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་ཚོང་བའི་ཟམ་ཁའི་བཙན་རྫོང་དུ་རིམ་བཞིན་གྱུར་ཅིང་།
         གོང་གི་པར་རིས་ནི་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་2017ལོའི་ཀྲུང་གོའི་དབྱི་ཝུའུ་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ཀྱི་ཨུ་རུ་སུའི་འགྲེམས་ཁང་དུ་ཨུ་རུ་སུའི་ཚོང་པས་ཞིམ་ཟས་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།