འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་དུ་གྲོང་ཁྱེར་ཆེ་འབྲིང་གིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་བསྡུ་
    བའི་ས་ཚིགས་ཐོག་མ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། མི་སྤྱི་པུས་སྤེལ་བའི་སྐབས་བཞི་པའི་གྲོང་ཁྱེར་ཆེ་འབྲིང་ཁག་གཅིག་གིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་དཔྱིད་དུས་བྱེད་སྒོའི་ཤིན་ཅང་གི་ས་གནས་ས་ཐོག་གི་གདན་ཞུའི་ཚོགས་འདུ་ཝུའུ་ལུའུ་མུའུ་ཆིར་འཚོགས་པ་རེད། ད་ཐེངས་ཀྱི་གདན་ཞུའི་བྱེད་སྒོ་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་གིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་ལས་དོན་2013ལོར་ལག་ལེན་བསྟར་ཚུན་ཤིན་ཅང་དུ་ས་ཚིགས་བཙུགས་ཐེངས་དང་པོ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ས་ཐོག་གི་གདན་ཞུའི་ཚོགས་འདུར་ཁེ་ལས་དང་བྱ་གཞག་ཚན་པ་677ཡོད་པ་དང་ལས་གནས་2771མཁོ་འདོན་བྱས་ནས་མི་20403བསྡུ་རྒྱུ་ཡིན་པ་དེའི་ནང་ནང་སའི་པེ་ཅིང་དང་། ཐེན་ཅིན། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་16གིས་གདན་ཞུའི་ཚན་པ་140སྒྲིག་འཛུགས་བྱས་ནས་ལས་གནས་514མཁོ་འདོན་བྱས་པ་དང་། ཤིན་ཅང་གིས་ཡུལ་དེ་གའི་གདན་ཞུའི་ཚན་པ་537སྒྲིག་འཛུགས་བྱས་ཏེ་ལས་གནས་2257མཁོ་འདོན་བྱས་ཡོད། ཤིན་ཅང་ཡོངས་ཀྱི་མཐོ་སློབ་30ལྷག་ཙམ་གྱིས་སློབ་མ་སྒྲིག་འཛུགས་བྱས་ཏེ་གདན་ཞུའི་ཚོགས་འདུར་ཞུགས་པ་དང་ལས་ཀ་འཚོལ་བར་ཡོང་མཁན་15000ཙམ་ཟིན་ཡོད་པ་རེད།
         ད་ཐེངས་ཀྱི་བྱེད་སྒོས་ཀྲུང་གོ་རྒྱལ་ཁབ་ཤེས་ལྡན་མི་སྣའི་དྲ་བའི"མཐོ་སློབ་སློབ་ཐོན་སློབ་མའི་གནད་སྨིན་ལས་ཞུགས་ཀྱི་ཞབས་ཞུའི་ལས་སྟེགས"ལ་བརྟེན་ནས་ཤིན་ཅང་ནང་ཁུལ་གྱི་མཐོ་སློབ་མང་པོའི་སློབ་ཐོན་སློབ་མར་རིན་མི་དགོས་པར་ལས་རིགས་ནུས་པ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་པ་དང་མི་སྤྱོད་ཚན་པར་རིན་མི་དགོས་པར་ལས་གནས་ཐོག་ཞུགས་ཐུབ་པའི་དཔེ་དབྱིབས་བཙུགས་ཏེ་གྲངས་གཞི་ཆེ་མོའི་རིག་ནུས་སྡེབ་སྒྲིག་དང་གནད་སྨིན་ངང་ལས་གནས་ཆ་འཕྲིན་བཏང་བ་བརྒྱུད། གདན་ཞུའི་ཚན་པ་དང་ལས་ཀ་འཚོལ་མཁན་དབར་འབྲེལ་མཐུད་ཡག་པོ་དང་དྲ་ཐོག་དྲ་ཕྱིར་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད། དེ་དང་ཆབས་ཅིག་ངོ་འཕྲད་གན་འཇོག་དང་ལས་ཞུགས་སྲིད་ཇུས་བློ་འདྲི་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུ་བྱས་ཏེ་ཤིན་ཅང་གི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤིན་ཅང་གི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།