འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཐན་ཙན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་སློབ་གྲྭའི་རླངས་འཁོར་གྱི་དོན་རྐྱེན་བྱུང་བའི་རྒྱུ་
    རྐྱེན་ལ་བརྟག་དཔྱད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཐན་ཙན་ནི་ཡའི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེར་ཉིན་དེར་བྱུང་བའི་རླངས་འཁོར་ཞིག་གྲོག་རོང་དུ་ལྷུངས་ཏེ་མི་མང་པོ་ཤི་རྨས་ཚབས་ཆེན་བྱུང་བའི་དོན་རྐྱེན་བྱུང་རྗེས། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་འགོ་ཚུགས་ཡོད་ཅེས་བསྟན་པ་རེད།
        དགེ་སློབ་35བསྡད་ཡོད་པའི་རླངས་འཁོར་ཞིག་ཐན་ཙན་ནི་ཡའི་བྱང་རྒྱུད་ས་ཁུལ་གྱི་གྲོག་རོང་དུ་ལྷུངས་པ་རེད། ཨ་ལུའུ་ཧྲ་ཞིང་ཆེན་གྱི་ཉེན་རྟོག་ཅུས་ཀྱི་འགོ་འཛིན་ཁྲར་སི•མུ་ཁུན་པོ་ཡིས་སྨྱན་སྦྱོར་ལས་ཁུངས་ལ་མིག་སྔར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་མུ་མཐུད་དེ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་དེ་ནི་འཕྲུལ་ཆས་ལ་སྐྱོན་ཤོར་བའི་རྒྱུ་རྐྱེན་ཡིན་ནམ་ཡང་ན་མིའི་རྒྱུ་རྐྱེན་གྱིས་དོན་རྐྱེན་བྱུང་བ་ཡིན་པ་ད་དུང་གསལ་པོར་རྟོགས་མེད་ཅེས་བསྟན་པ་རེད།
        རྐྱེན་ངན་ཐེབས་པའི་སློབ་མ་ཚོའི་སློབ་གྲྭའི་སློབ་གཙོ་དབྱིན་ནུའོ་སེན་ཐེ•མུའུ་ཞི་ཡིས་དོན་རྐྱེན་འདི་ལས་མི་32རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་དུ་མི་29ནི་སློབ་མ་ཡིན་ཞིང་། མིག་སྔར། དོན་རྐྱེན་ཁྲོད་དུ་རྨས་སྐྱོན་ཕོག་པ་ཚོ་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ཡོད་ཅེས་བརྗོད་པ་རེད།
        ཚེས་6ཉིན་གྱི་དགོང་མོར་ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུའུ་ཧྥུ་ལི་ཡིས་སློབ་གྲྭའི་རླངས་འཁོར་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་པ་དང་། ཁོང་གི་མྱ་ངན་ཞུ་ཚིག་ནང་དུ"དོན་རྐྱེན་འདིས་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་བདག་དང་རྒྱལ་ཁབ་ཚང་མར་སྡུག་བསྔལ་དཔག་མེད་བཟོས་ཡོད་པས། འདི་ནི་རྒྱལ་ཁབ་ཀྱི་གོད་ཆག་ཅིག་ཡིན"ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།