འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོའི་ནང་བོད་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་ཚད་ཁག་ལྔ་རྒྱལ་ཡོངས་
    ཀྱི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་2017ལོའི་དུས་ཚིགས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་འདི་ལོའི་དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་དམིགས་ཚད་ཁག་བདུན་གྱི་འཕར་ཚད་ཁྲོད་དམིགས་ཚད་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་འགོ་ཡག་པོ་ཚུགས་ཡོད་པ་རེད། དེ་དང་ཆབས་ཅིག་དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ནོར་སྲིད་ཡོང་འབབ་དང་འཛད་སྤྱོད་འཕར་མགྱོགས་པ། གྲོང་མིའི་ཡོང་འབབ་དང་། དམངས་འཚོ་འགན་ལེན། ཐོན་ལས་འཕེལ་རྒྱས་བཅས་ཚང་མ་འཕེལ་ཚུལ་ཡག་པོ་ཡོད་པའི་ཁྱད་ཆོས་མངོན་ཡོད་པ་རེད།
          འདི་ལོའི་དུས་ཚིགས་དང་པོའི་ནང་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་11%འཕར་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་4.1ལས་མཐོ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་གྲངས་བསྡོམས་འབོར་འཕར་ཚད་14.6%ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་14.3%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་14.2%ཟིན་པ་བཅས་གོང་གསལ་གྱི་དཔལ་འབྱོར་དམིགས་ཚད་ཁག་ལྔ་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།