འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་སྒོ་བསྟེན་སྨན་ཁང་གིས་ཕན་མེད་སྨན་བཙོངས་སྨན་ཤོག་བྲིས་པའི་བྱེད་སྤྱོད་ལ་
    ཆད་པ་ཐེངས་དང་པོ་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སྒོ་བསྟེན་སྨན་ཁང་དུ་ཚད་བརྒལ་བརྟག་དཔྱད་དང་ཚད་བརྒལ་སྨན་སྟེར་གྱི་བྱེད་སྤྱོད་གཏན་འགོག་བྱས་ནས་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་གི་སྨན་ཤོག་དོ་དམ་ཚད་ལྡན་དུ་གཏོང་རྒྱུར་སྐུལ་འདེད་བྱ་ཆེད། ཉེ་ཆར་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ཕྱོགས་བསྡུས་ལྟ་སྐུལ་ཅུས་ཀྱིས་ཞིང་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་8ཀྱི་སྒོ་བསྟེན་སྨན་ཁང་གི་སྨན་ཤོག་ཟུར་འཐེན་བྱས་པ་དང་། སྨན་ཤོག་དེ་དག་2016ལོའི་ཟླ་6ཚེས་6ཉིན་ནས་ཚེས་12ཉིན་བར་བྲིས་ཤིང་ཁྱོན་བསྡོམས་སྨན་ཤོག་63179ཡོད་པ་རེད། ཞིབ་བསྡུར་བྱས་པ་བརྒྱུད་སྨན་ཤོག་192ནི་ཕན་མེད་སྨན་བཙོངས་པའི་དོགས་ཡོད་སྨན་ཤོག་ཡིན་པ་དང་སྨན་དོན་མི་སྣ་44ཡིས་སྒྲིག་འགལ་ངང་ཕན་མེད་སྨན་བཙོངས་སྨན་ཤོག་བྲིས་སྟབས་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད། དེའི་ནང་སྨན་དོན་མི་སྣ་7ལ་ཚུལ་མིན་ལས་གཉེར་བྱེད་སྤྱོད་ཀྱི་རྩིས་ཐོའི་ཐོག་སྐར་མ་གཅིག་བཀོད་ཡོད། འདི་ནི་ཀན་སུའུ་ཞིང་ཆེན་གྱིས་སྒོ་བསྟེན་སྨན་ཁང་གི་ཕན་མེད་སྨན་བཙོངས་སྨན་ཤོག་བྲིས་པའི་བྱེད་སྤྱོད་ལ་ཆད་པ་བཅད་ཐེངས་དང་པོ་རེད།
      

    ཕྱོགས་བསྡུས་གསར་འགྱུར།