མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྱུར་བཅོས་
ཟབ་གཏོང་ཇུས་གཞི་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། 《ཇུས་གཞིའི་》ནང་ངེས་པར་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་། དེ་བཞིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་གི་འགན་འཁྲི་དང་འགན་སེམས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་ནས་འགན་འཁྲི་སྔར་བས་ཁ་གསལ་དང་། འགན་ནུས་བརྗེ་སྒྱུར། གྲུབ་ཆ་ལེགས་སྒྲིག བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་འདི་ཉིད་རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལས་དོན་པའི་ཡིད་དབང་འགུག་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེན་པོ་ལྡན་པའི་ཚོགས་པའི་རྩ་འཛུགས་སུ་བསྐྲུན་ཏེ། རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མི་རིགས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རྩོམ་རིག་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་འདོན་དགོས་པའི་བླང་བྱ་བཏོན་ཡོད།
      《ཇུས་གཞིའི་》ནང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན། སྤྱིའི་དམིགས་ཚད་བཅས་ཁ་གསལ་བཏོན་ཞིང་། 《ཇུས་གཞིའི་》ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་གཙོ་གནད་ཁ་གསལ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རིག་གནས་ཀྱི་རང་རྟོགས་མཐའ་འཁྱོངས། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ལ་ཤུགས་སྣོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པའི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་རྒྱུའི་སྤྱིའི་བླང་བྱར་གཞིགས་ནས་སྒྱུར་བཅོས་བྱེད་ཐབས་གཏན་འཁེལ། རྒྱ་ཆེའི་རྩོམ་པ་པོ་ཚོས་དེ་བས་རྒྱ་ཁྱབ་དང་དེ་བས་དམ་ཟབ་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་གྲ་རྒྱས་འཕེལ་རྒྱས་གཏོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་འདེད་ནུས་པ་བཅས་མཁོ་འདོན་བྱེད་དགོས་པ་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྒྱུར་བཅོས་ཐད་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་། རྩོམ་ལ་བརྟེན་ནས་མིར་སློབ་གསོ་རྒྱག་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འགན་ནུས་བསྒྱུར་རྒྱུ་མཐའ་འཁྱོངས། གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ། སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག རྩོམ་པ་པོའི་མཐུན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་དེ་བས་མངོན་གསལ། ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལས་དོན་པ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་སྒྲོག་ཐག་གི་ནུས་པ་འདོན་སྤེལ། དྲ་བའི་རྩོམ་རིག་དང་རྩོམ་རིག་ཚོགས་པ་གསར་པའི་ཁྱབ་རྒྱ་དང་། ཁྲིད་སྟོན་ནུས་པ། ཞབས་ཞུ་དོ་དམ་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པ། རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལས་དོན་པ་འཚོ་བར་ཟབ་འཇུག་དང་། མི་དམངས་ཁྲོད་གཞི་ཚུགས་པ། སྙིང་རུས་ཆེན་པོས་གསར་རྩོམ། མཐོ་རྩེར་འཛེགས་ཕོད་པ་བཅས་བྱེད་པ། གསར་གཏོད་ཀྱི་སྙིང་སྟོབས་དང་གསོན་ཤུགས་མཉམ་འཕེལ། རྩོམ་རིག་རྩེ་གྲ་དང་རྩོམ་རིག་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བྱ་གཞག་ཉིན་བཞིན་གྲ་རྒྱས་འཕེལ་རྒྱས་འགྲོ་བའི་གསོན་ཉམས་མངོན་དགོས་པ་བཅས་བཏོན་ཡོད།
      《ཇུས་གཞིའི་》ནང་སྒྱུར་བཅོས་ཀྱི་བྱེད་ཐབས་ལྔ་བཏོན་པ་སྟེ། གཅིག་ནི་འགན་ནུས་ཧུར་ཐག་བསྒྱུར་ནས་རྩ་འཛུགས་སྒྲིག་གཞི་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནི་གཞི་རིམ་ལ་ཕྱོགས་པ་དང་སྤྱི་ཚོགས་ལ་ཕྱོགས་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། གསུམ་ནི་རྩོམ་རིག་གི་ཚོགས་སྤྱི་གསར་པར་འབྲེལ་བ་བྱེད་པ་དང་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་དགོས་པ། བཞི་ནི་ཕྱི་ཕྱོགས་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དང་རྩོམ་རིག་སྤེལ་རེས་བྱེད་པའི་རྣམ་པ་གསར་པ་གཏོད་དགོས་པ། ལྔ་ནི་ཏང་གིས་རྩོམ་རིག་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་བཅས་རེད།