འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོར་གྲོང་གསེབ་དྲ་རྒྱའི་སིལ་འཚོང་བྱེད་ཚད་དུས་མཚུངས་ལས་36.6%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཚོང་དོན་པུས་དབྱིན་ཁྲའོ་ཚན་རྩལ་(སི་ཁྲོན་དྲ་ཐོག་ཚོང་དོན་གཞི་གྲངས་ཆེན་པོའི་ལྟེ་གནས)ལ་མངགས་བཅོལ་བྱས་ནས་བསྒྲུབས་པའི་གཞི་གྲངས་ཆེན་པོའི་དབྱེ་ཞིབ་འབྲས་བུ་ལས་མངོན་པར་གཞིགས་ན། 2017ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་2504.3ཟིན་པ་དེ་དུས་མཚུངས་ལས་36.6%འཕར་བ་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་མྱུར་པོ་འགྲོ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད།
          ཚོང་ཟོག་གི་རིགས་ནས་བལྟས་ན། དངོས་པོ་རིགས་ཀྱི་ཚོང་ཟོག་དེ་དྲ་རྒྱ་ནས་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་1489.7ཟིན་པ་དེ་དུས་མཚུངས་ལས་30%འཕར་བ་དང་། ཞབས་ཞུ་རིགས་ཀྱི་ཐོན་ཟོག་དྲ་རྒྱ་ནས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་1014.6ཟིན་པ་དེ་དུས་མཚུངས་ལས་47.5%འཕར་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། བཟའ་བཏུང་། སོས་དལ་རོལ་རྩེད་སོགས་ཞབས་ཞུ་རིགས་ཀྱི་ཐོན་ཟོག་དྲ་རྒྱ་ནས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་383.3དང་། 337.3 42.4བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་36.1%དང་། 78.2% 100.5%བཅས་འཕར་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་བཀྲག་མདངས་འཚེར་སར་གྱུར་པ་དང་། ས་ཁུལ་སོ་སོ་བསྡུར་ནས་བལྟས་ཚེ། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་གྲོང་གསེབ་བཅས་སོ་སོའི་དྲ་རྒྱ་ནས་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་1535.6དང་། 524 383.7 61བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་24.6%དང་། 53.3% 69.6% 85%བཅས་སོ་སོར་འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།